དབུ་ཤོག>གསར་འགྱུར།
  • དཀར་མཛེས་ཀྱི་ཤ་མོ་དབྱི་ཐ་ལིར་བཙོངས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2018-10-08

     སི་ཁྲོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། “ང་ཚོས་དབྱི་ཐ་ལིའི་ཀུང་སི་ཞིག་དང་གྲོས་མཐུན་བཞག་ཙམ་ཡིན། ལོ་གཅིག་ལ་ཁོང་ཚོར་ཤ་མོ་ཏུན་38འཚོང་རྒྱུ་དང་གན་རྒྱའི་དངུལ་འབོར་མི་དམངས་ཤོག་སྒོར་ཁྲི་སྟོང་ཕྲག་ལྷག་ཟིན་ཡོད”སྐབས་བཅུ་བདུན་པའི་ཀྲུང་གོའི་ནུབ་རྒྱུད་ཀྱི་དངོས་མང་སྟོན་ཚོགས་ལ་སི་ཁྲོན་དཀར་མཛེས་རྫོང་གིས་ཤ་མོ་ཕྱིར་གཏོང་གི་ཚོང་ཟོག་མངགས་ཐོ་བཞག་པ་རེད།

    སྐབས་བཅུ་བདུན་པའི་ནུབ་རྒྱུད་དངོས་མང་སྟོན་ཚོགས་ལ་རྒྱལ་ཁབ་ཕྱི་ནང་གི་ཚོང་འགྲུལ་མང་པོ་སླེབས་ཡོད་པ་དང་། དབྱི་ཐ་ལིའི་ཙུང་ལི་གཞོན་པ་དང་། དཔལ་འབྱོར་འཕེལ་རྒྱས། ངལ་རྩོལ་དང་སྤྱི་ཚོགས་སྲིད་ཇུས་པུའུ་ཡི་པུའུ་ཀྲང་བཅས་གཅིག་ལྕོགས་ཡིན་པའི་ཏི་མཱ་གཡོད་ཆེད་མངགས་ལྟ་སྐོར་ལ་ཕེབས་པ་དང་། ལྟ་སྐོར་གྱི་ཉིན་གཉིས་པར་དཀར་མཛེས་ཀྲོའུ་དང་དབྱི་ཐ་ལིའི་ཀུང་སི་ཞིག་བར་ཚོང་འགྲིགས་ཡོད། དེ་ནི་ནུབ་རྒྱུད་དངོས་མང་སྟོན་ཚོགས་ལས་བྱུང་བ་ཞིག་རེད། ལོ་གཉིས་གོང་གི་སྐབས་བཅུ་དྲུག་པའི་ནུབ་རྒྱུད་དངོས་མང་སྟོན་ཚོགས་ལ་དབྱི་ཐ་ལིའི་ཚོང་འགྲུལ་གྱིས་འགྲེམས་སྟོན་ཚོམས་ཆེན་ནས་དཀར་མཛེས་ཀྱི་ཤ་མོ་ཐེངས་དང་པོར་མཐོང་ཡོད། བྲོ་བ་ཞིམ་པའི་ཤ་མོ་དེ་དག་རི་སྟེང་དུ་སྐྱེས་ཤིང་། སྦགས་བཙོག་མེད་སྟབས་ ཚོང་འགྲུལ་རྣམས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་རེད།

    ཤ་མོ་ཕུད་དཀར་མཛེས་ཀྲོའུ་ཡིས་ད་རེས་དབྱི་ཐ་ལིར་དབྱར་རྩྭ་དགུན་འབུ་སྤྱི་རྒྱ་150ཕྱིར་གཏོང་བྱས་པ་དང་། སྤྱི་རྒྱ་རེའི་ཁྲོམ་རའི་རིན་གོང་ཨ་སྒོར་ཁྲི་1ནས་3བར་ཡིན་པ་རེད། ཤ་མོ་དང་དབྱར་རྩྭ་དགུན་འབུ་བསྡོམས་ན་ཕྱིར་གཏོང་གི་དངུལ་འབོར་མི་དམངས་ཤོག་སྒོར་ཁྲི་3000ཡས་མས་ཟིན་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།