དབུ་ཤོག>གསར་འགྱུར།
  • མཚོ་སྔོན་གྱིས་བྱ་གཞག་ཚན་པའི་མི་དོན་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་བསམ་འཆར་ལག་ལེན་བསྟར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2018-09-28

     ཉེ་དུས་གསར་འགོད་པར་མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱིས《ཞིང་ཆེན་ཡོངས་ཀྱི་བྱ་གཞག་ཚན་པའི་མི་དོན་ལམ་ལུགས་སྔར་བས་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཀྲམ་ནས། མ་ལག་ཆ་ཚང་བ་དང་། ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པ། འཁོར་སྐྱོད་ནུས་ལྡན་བཅས་ཀྱི་མི་དོན་དོ་དམ་གྱི་ལམ་སྲོལ་གསར་པ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་བྱ་གཞག་ཚན་པའི་གསོན་ཤུགས་འཕེལ་བར་བྱས་ཏེ་སྤྱི་ཕན་གྱི་བྱ་གཞག་འཕེལ་རྒྱས་དང་སྤྱི་པའི་ཞབས་འདེགས་ནུས་པ་ཆེ་རུ་འགྲོ་རྒྱུར་སྐུལ་མ་གཏོང་དགོས་པ་བཏོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། བྱ་གཞག་ཚན་པ་རིགས་དབྱེའི་སྒྱུར་བཅོས་བྱས་རྗེས་བྱ་གཞག་ཚན་པ་རིགས་མི་འདྲ་བར་གཞིགས་ཏེ། སྲིད་འཛིན་གྱི་འགན་ནུས་འཁུར་བའི་བྱ་གཞག་ཚན་པ་སྲིད་འཛིན་སྒྲིག་གཞིར་བསྒྱུར་རིགས་ལ་གཞུང་ཞབས་པའི་ལམ་ལུགས་ལག་ལེན་བསྟར་རྒྱུ་དང་། ཐོན་སྐྱེད་གཉེར་སྐྱོང་གི་ལས་དོན་སྒྲུབ་མཁན་བྱ་གཞག་ཚན་པ་ཁེ་ལས་སུ་བསྒྱུར་རིགས་ལ་ངལ་རྩོལ་གན་རྒྱའི་ལམ་ལུགས་ལག་ལེན་བསྟར་རྒྱུ། སྤྱི་ཕན་ཞབས་འདེགས་ལས་དོན་སྒྲུབ་མཁན་བྱ་གཞག་ཚན་པར་གདན་ཞུའི་ལམ་ལུགས་དང་ལས་གནས་དོ་དམ་ལམ་ལུགས་ནང་དོན་གཙོ་བོར་བྱེད་པའི་མི་དོན་དོ་དམ་ལམ་ལུགས་ལག་ལེན་བསྟར་རྒྱུ་རེད། དེའི་ནང་སྤྱི་ཕན་གྱི་རིགས་དང་པོ་དང་རིགས་གཉིས་པའི་བྱ་གཞག་ཚན་པས་དོ་དམ་བྱ་ཐབས་མི་འདྲ་བ་འཚོལ་ཞིབ་བྱས་ནས་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་པ་ཚུད་ཡོད། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་མི་དོན་སྲིད་ཇུས་ལ་གཞིགས་ནས་བྱ་གཞག་ཚན་པ་དང་སྲིད་འཛིན་སྒྲིག་གཞི་དང་། བྱ་གཞག་ཚན་པ་དང་ཁེ་ལས་དབར་ལམ་ལུགས་བསྒྱུར་བའི་བརྒྱུད་རིམ་ཁྲོད་ཀྱི་མི་སྣའི་བཀོད་སྒྲིག་གི་ལས་དོན་འོས་འཚམ་ངང་ཡག་པོ་སྒྲུབ་པ་དང་། གན་རྒྱ་བརྗེ་སྒྱུར་དང་སྤྱི་ཚོགས་འགན་བཅོལ་སྦྲེལ་མཐུད་སོགས་ཀྱི་ལས་དོན་གཙོ་བོ་འོས་འཚམ་ངང་ཡག་པོ་བསྒྲུབས་ནས་རིགས་དབྱེའི་ལམ་ལུགས་བསྒྱུར་བའི་ལས་དོན་དང་ད་ཆ་ལག་ལེན་བསྟར་བའི་མི་དོན་གྱི་སྤྱི་ཚོགས་འགན་བཅོལ་སྲིད་ཇུས་སྦྲེལ་མཐུད་དམ་ཟབ་བྱས་ཏེ། བྱ་གཞག་ཚན་པ་དང་ལས་དོན་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ཡིན་པ་རེད

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།