དབུ་ཤོག>གསར་འགྱུར།
  • མཚོ་སྔོན་ཟི་ལིང་གིས་ནད་རིགས་19ཐ་སྐྱོང་འགན་ལེན་གྱི་ནད་ཆེན་ཁྱབ་ཁོངས་སུ་བཅུག་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2018-09-26

    ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱིས《ཟི་ལིང་གྲོང་ཁྱེར་གྱི་གནད་སྨིན་དབུལ་སྐྱོར་གྱི་ཡིག་ཚགས་དང་གཱ་བཟོས་པའི་ནད་ཆེན་ཕོག་པའི་ནད་པ་སྨན་ཁང་དུ་བསྡད་ནས་སྨན་བཅོས་ཐ་སྐྱོང་འགན་ལེན་གྱི་ལག་བསྟར་ཇུས་གཞི》བཏོན་ནས་ནད་རིགས་19ཐ་སྐྱོང་འགན་ལེན་གྱི་ནད་ཆེན་ཁྱབ་ཁོངས་སུ་བཅུག་སྟེ་གནད་སྨིན་དབུལ་སྐྱོར་གྱི་ཡིག་ཚགས་དང་གཱ་བཟོས་པའི་ནད་ཆེན་ཕོག་པའི་ནད་པར་རིགས་དབྱེ་དང་བསྡུར་དབྱེ་བྱས་ནས་སྨན་ཁང་དུ་བསྡད་པའི་སྨན་རིན་རྩིས་ཞུའི་ཐ་སྐྱོང་འགན་ལེན་སྲིད་ཇུས་ལག་བསྟར་བྱས་པ་རེད།

    ཇུས་གཞིའི་ནང་། ཟི་ལིང་གྲོང་ཁྱེར་གྱིས་གནད་སྨིན་དབུལ་སྐྱོར་གྱི་ཡིག་ཚགས་དང་གཱ་བཟོས་པའི་ནང་། བྱིས་པའི་དོས་དྲག་རྨེན་གཤེར་ཕྲ་ཕུང་ཁྲག་རིལ་དཀར་པོའི་འབྲས་སྐྲན་དང་། བྱིས་པའི་ཁྲག་རིལ་དཀར་པོའི་དོས་དྲག་གི་འབྲས་སྐྲན། བྱིས་པའི་ལྷན་སྐྱེས་སྙིང་ནད། འདུལ་འདྲིལ་གཅོང་ནད། ཐུམ་འབུའི་ནད། མིད་པའི་འབྲས་སྐྲན། ཕོ་བའི་འབྲས་སྐྲན། རྒྱུ་མའི་འབྲས་སྐྲན། གཞང་དཀར་ནག་གི་འབྲས་སྐྲན། མཁལ་ནད་རྙིང་པ། གློ་བའི་འབྲས་སྐྲན། ནུ་མའི་འབྲས་སྐྲན། མངལ་སྐྲན། བྱིས་པའི་སྐྲན་ནད། གློ་བའི་རྡུལ་ནད་བཅས་ནད་རིགས་19ཐ་སྐྱོང་འགན་ལེན་གྱི་ནད་ཆེན་ཁྱབ་ཁོངས་སུ་བཅུག་པ་རེད།

    ཇུས་གཞིའི་ནང་། གནད་སྨིན་དབུལ་སྐྱོར་དང་ཡིག་ཚགས་དང་གཱ་བཟོས་པའི་ནད་ཆེན་ཕོག་མཁན་ནད་པས་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱས་པའི་འཛིན་ཤོག་གཞི་འཛིན་སར་བྱ་རྒྱུ་དང་། འདི་ལོའི་ཟླ་1ཚེས་1ཉིན་ནས་ཟླ་12ཚེས་31ཉིན་བར་དུས་འཁོར་གཅིག་ལ་བརྩིས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་དང་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་སྨན་བཅོས་འགན་བཅོལ། སྨན་བཅོས་རོགས་སྐྱོབ། བདེ་ཐང་འགན་བཅོལ། དམངས་སྲིད་ཀྱི་གནས་སྐབས་རོགས་སྐྱོབ་སོགས་རིགས་ཁག་གི་འགན་བཅོལ་ལོངས་སུ་སྤྱོད་པའི་རྨང་གཞིའི་ཐོག་རིགས་དབྱེ་ནས་བསྡུར་ཚད་གཞིར་བཟུང་རྩིས་ཞུ་བྱ་རྒྱུ་དང་། 2018ལོའི་ཟླ་11ཚེས་1ཉིན་ནས་སྨན་ཁང་ནས་དོན་མཁན་ནད་པ་ཚང་མས་ཐ་སྐྱོང་འགན་ལེན་སྲིད་ཇུས་ལོངས་སྤྱོད་བྱེད་ཆོག་པའི་གཏན་འབེབས་བྱས་པ་རེད།

    ཇུས་གཞིའི་ནང་། ནད་ཆེད་སྐྱོབ་བཅོས་ཀྱི་གནས་གཏན་འཁེལ་གྱི་སྨན་ཁང་གཏན་འཁེལ་བྱས་ནས་སྨན་ཁང་གིས་སྨན་བཅོས་འགན་བཅོལ་དཀར་ཆག་ནང་གཏན་འབེབས་བྱས་པའི་སྨན་རྫས་དང་། ནད་བརྟག་སྨན་བཅོས་ཞབས་ཞུ། ཟད་གྲོན་རྒྱུ་ཆ་བཅས་གང་ལེགས་སྤྱད་ནས་བརྟག་དཔྱད་སྨན་བཅོས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས་པ་དང་། ནད་པས་ཐག་ཉེ་སར་སྨན་བཅོས་བྱས་ཏེ་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུར་སྐུལ་ལྕག་བྱེད་དགོས་པ་དང་སྨན་ཁང་གིས་དཀའ་ངལ་ཡོད་མཁན་གྱི་ནད་པར་ནད་ཁྲི་བཙུགས་པ་དང་ནད་རྐྱང་པའི་སྨན་རིན་རྩིས་འཇལ་ལག་བསྟར་བྱས་ཏེ་ནད་པས་རང་གྲོན་གཏོང་རྒྱུ་ཚོད་འཛིན་ནན་པོ་བྱེད་དགོས་པའི་གཏན་འཁེལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།