དབུ་ཤོག>གསར་འགྱུར།
  • བོད་ལྗོངས་མངའ་རིས་ས་ཁུལ་གྱི་མཐའ་སྲུང་འཐབ་འཛིང་པས་མང་ཚོགས་དང་མཉམ་དུ་དུས་ཆེན་ལ་རྟེན་འབྲེལ་ཞུས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2018-09-26

    ཟླ་མཆོད་དུས་ཆེན་སྐབས་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཡོད་པའི་བོད་ལྗོངས་མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་ཤང་བདེ་མཆོག་གྲོང་ཚོའི་བདེ་མཆོག་སོ་ལྟ་ཁང་དུ་ཧ་ཅང་འཁྲུག་ཆ་དོད་པ་དང་ས་ཆ་དེ་གའི་མང་ཚོགས་ཀྱིས་ལག་ཏུ་རང་ཁྱིམ་དུ་བསྙལ་བའི་ནས་ཆང་དང་བྱི་རིལ་བླུགས་པའི་སློ་མ་འཁྱེར་ཏེ་སྔ་ས་ནས་བདེ་མཆོག་སོ་ལྟ་ཁང་དུ་བསྐྱོད་དེ་དཔོན་དམག་ཚོ་དང་མཉམ་དུ་ལོ་གཅིག་དུས་གཅིག་གི་ཟླ་མཆོད་དུས་ཆེན་དང་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཐེངས་དང་པོར་རྟེན་འབྲེལ་ཞུས་པ་རེད།

    བདེ་མཆོག་གྲོང་ཚོའི་ལོ་43ལ་སླེབས་པའི་བྱང་ཆུབ་ནི་ཅའོ་ཙེ་བཟོ་རྒྱུར་ཧ་ཅང་མཁས་པ་དང་ཁོང་གིས“དེ་གར་འཐབ་ཕྱོགས་དང་པོའི་མཐའ་མཚམས་གྲོང་ཚོ་ཡིན་པ་དང་རྣམ་ཀུན་ང་ཚོས་ནས་བརྔ་བསྡུ་བྱེད་པ་དང་ཁང་པ་རྒྱག་སྐབས་དཔོན་དམག་ཚོའི་གཟུགས་བརྙན་མཐོང་རྒྱུ་ཡོད་པ་དང་དེ་སྔ་ངེད་ཚོ་ཟླ་མཆོད་དུས་ཆེན་གཏོང་བའི་གོམས་སྲོལ་མེད་མོད། འོན་ཀྱང་དཔུང་སྡེའི་དཔོན་དམག་ཕལ་ཆེ་བ་ཡུལ་དེ་རང་ནས་མིན་པ་དང་ཁོང་ཚོ་ཕ་ཡུལ་ས་ཐག་རིང་ལ་དཀའ་ངལ་ཆེན་པོ་དེ་ལྟ་བུ་ཡོད་པས་ང་ཚོ་ནི་ཁྱིམ་ཚང་གཅིག་ལྟར་ཡིན”ཞེས་བཤད།

    བདེ་མཆོག་གྲོང་ཚོ་ནི་མངའ་རིས་ས་ཁུལ་གྱི་མཐའ་མཚམས་འཐབ་ཕྱོགས་དང་པོའི་གྲོང་ཚོ་ཡིན་ལ་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་གྲོང་ཚོའང་ཡིན་ཞིང་། དུས་ཡུན་རིང་པོའི་ནང་ས་ཆ་དེ་གའི་མང་ཚོགས་ཀྱིས་བདེ་མཆོག་སོ་ལྟ་ཁང་དང་མཉམ་དུ་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་བྱེད་པ་དང་སོ་ལྟ་ཁང་དེས་གཟའ་འཁོར་རེའི་རེས་གཟའ་པ་སངས་ཉིན་མོར་དུས་བཀག་ལྟར་དུད་ཚང་དབུལ་པོ་དང་མི་ཧྲེང་རྒན་རྒོན་གྱི་ཁྱིམ་དུ་གཙང་སྦྲ་བྱེད་པ་དང་སྨན་སྐྱེལ་བ་དང་སྨན་བཅོས་བྱེད་པར་འགྲོ་གི་ཡོད། སྐབས་རེ་མང་ཚོགས་སོ་ལྟ་ཁང་དུ་ལྟ་སྐོར་སློབ་སྦྱོང་བྱེད་པར་སྐད་བཏང་ནས་ཏང་དང་སྲིད་གཞུང་གིས་བོད་རིགས་ས་ཁུལ་ལ་གནང་བའི་དམངས་ཕྱུག་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག་བྱེད་ལ་གྲོང་ཚོ་ཨུ་ལྷན་གྱིས་ཀྱང་སོ་ལྟ་ཁང་གི་དཔོན་དམག་གྲོང་ཚོའི་ནང་གདན་དྲངས་ཏེ་མང་ཚོགས་ལ་རྒྱལ་སྲུང་སློབ་གསོ་དང་ཁྲིམས་ལུགས་དྲིལ་བསྒྲགས་སོགས་སློབ་གསོའི་བྱེད་སྒོ་སྤེལ་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།