དབུ་ཤོག>གསར་འགྱུར།
  • མཚོ་སྔོན་གྱིས་བརྡ་ཐོ་བཀྲམ་ནས་གོ་གནས་འཕར་ཆག་གཉིས་ལྡན་རྒྱུན་རྣམ་ཅན་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2018-09-23

     ཉིན་ཤས་གོང་མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུས་ལས་བྱེད་པ་གོ་གནས་འཕར་རྒྱུ་ཡོད་ལ་ཆག་རྒྱུའང་ཡོད་པའི་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་བའི་བརྡ་ཐོ་བཀྲམ་ནས། ལས་བྱེད་པ་གོ་གནས་འཕར་རྒྱུ་ཡོད་ལ་ཆག་རྒྱུའང་ཡོད་པའི་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་བའི་ཐད་བཀོད་སྒྲིག་བྱས་ཡོད་ལ་བླང་བྱ་ཡང་བཏོན་ནས་འོག་གིས་གོང་ལ་སྐུལ་འདེད་གཏོང་བ་དང་གོང་འོག་མཉམ་འབྲེལ་མངོན་འགྱུར་ཐུབ་པ་བྱས་ཏེ། རྒྱ་ཆེའི་ལས་བྱེད་པར་དུས་རབས་གསར་པའི་ནང་འགན་འཁྲི་གསར་པ་འཁུར་བ་དང་བྱས་རྗེས་གསར་པ་འཇོག་པར་རྒྱུན་ཆད་མེད་པར་ལྕག་སྐུལ་བྱས་ཡོད། 《བརྡ་ཐོ》དེ་ནི་མཚོ་སྔོན་ཞིང་ཨུད་ཀྱིས《རྒྱ་ཆེའི་ལས་བྱེད་པར་དུས་རབས་གསར་པར་འགན་འཁྲི་གསར་པ་འཁུར་བ་དང་བྱས་རྗེས་གསར་པ་འཇོག་པར་སྔར་བས་ལྕག་སྐུལ་བྱེད་པའི་མཛུབ་ཁྲིད་བསམ་འཆར》གྱི་ལེ་ལག་སྲིད་ཇུས་ཀྱི་གྲས་ཤིག་ཡིན། 《བརྡ་ཐོའི》ནང་རིམ་ཁག་ཏང་ཨུད(ཏང་ཙུའུ)དང་དེ་བཞིན་དེའི་རྩ་འཛུགས་ཀྱི་མི་དོན་སྡེ་ཚན་གྱིས་བསམ་བློའི་ངོས་འཛིན་དང་ལས་ཀའི་འགན་འཁྲིར་ཤུགས་སྣོན་བརྒྱབ་ནས་དོ་དམ་ནན་པོ་དང་གཅེས་སྐྱོང་གཉིས་ཟུང་འབྲེལ་མཐའ་འཁྱོངས་དང་། ལྕག་སྐུལ་དང་གཅུན་སྡོམ་གཉིས་གལ་ཆེ་མཉམ་དུ་འཇོག་པ། འོག་གི་གནས་ཚུལ་ཞིབ་ཕྲ་རུ་གཏོང་བ། འོག་གི་ཐབས་ལམ་རྒྱ་ཆེར་གཏོང་བ། འོག་གི་བྱེད་ཐབས་ལ་བརྟེན་ནས་ལས་བྱེད་པས་དགོས་པའི་ལས་མི་བྱེད་པ་དང་ལས་དོན་ནར་འགྱངས་བྱེད་པའི་གནད་དོན་ལ་བཅོས་སྒྲིག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ལས་བྱེད་པ་གོ་གནས་འཕར་རྒྱུ་ཡོད་ལ་ཆག་རྒྱུའང་ཡོད་པའི་ལམ་ལུགས་ཅན་དང་རྒྱུན་རྣམ་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ལས་བྱེད་པའི་དཔུང་ཁག་གི་ཟུངས་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱས་ནས“ལྔ་བཞིའི་ཐབས་ཇུས”ལག་བསྟར་གཏིང་ཟབ་དང“ལེགས་གཅིག་གཉིས་མཐོར”ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། དེ་བས་འབྱོར་ཕྱུག་ཤེས་དཔལ་དང་ཞི་མཐུན་མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་པ་སྐྲུན་ཆེད་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས་པའི་ནན་བཤད་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 《བརྡ་ཐོའི》ནང་གོ་གནས་འཕར་རྒྱུ་ཡོད་ལ་ཆག་རྒྱུའང་ཡོད་པའི་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱེད་ཐབས་ཁ་གསལ་བཟོས་ཡོད་ཅིང་། སྲིད་ཇུས་ཀྱི་གཏན་འབེབས་སྔར་བས་ཁ་གསལ་བཟོས་ཏེ《ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་བདའ་འདེད་ཀྱི་སྲོལ་ཡིག》ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། རྩ་འཛུགས་ཀྱིས་བཅོས་སྒྲིག་གམ་ཡང་ན་རྩ་འཛུགས་ཀྱིས་ཐག་གཅོད་སོགས་ཀྱི་འགན་འཁྲི་བདའ་འདེད་ཀྱི་བྱེད་ཐབས་སྤྱོད་རྒྱུར་སྣང་ཆེན། སྒྲིག་སྲོལ་དང་སྒྲིག་ལམ་ལྟར་འགན་འཁྲི་བདའ་འདེད་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་འགོ་ཁྲིད་ལས་བྱེད་པས་ལྷག་བསམ་རྣམ་དག་དང་། དྭངས་གཙང་། འགན་འཁྲི་འཁུར་བ་བཅས་ལ་སྐུལ་འདེད་གཏོང་དགོས། 《ལག་བསྟར་ཞིབ་སྲོལ》གྱི་འགན་འཁུར་ན་མི་འཚམ་པའི་གནས་ཚུལ་རིགས་16དང་བསྡུར་བ་བྱས་ཏེ་གནས་ཚུལ་མི་འདྲ་བར་གཞིགས་ནས་ལས་གནས་གཞན་ལ་སྒྱུར་བ་དང་། འགོ་ཁྲིད་མིན་པའི་གོ་གནས་བསྐོ་བ། གོ་གནས་ལས་འཐེན་པ། གོ་གནས་ལས་འབེབས་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ལས་བྱེད་པ་ལེགས་སྒྲིག་བྱེད་པ་དང་། ལེགས་སྒྲིག་གི་འཕྲལ་འདོན་གྲོས་གཞི་དང་། རྟོག་ཞིབ་ལ་ཞིབ་བསྡུར། རྩ་འཛུགས་ཀྱི་གཏན་འབེབས་སོགས་འགག་རྩའི་ལྷུ་ཚིགས་ཀྱི་འགག་སྒོ་ནན་པོ་སྲུང་བ། བཀོལ་སྤྱོད་ཀྱི་བརྒྱུད་རིམ་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བར་ཤུགས་རྒྱག་པ་བཅས་བྱས་ནས་ལས་བྱེད་པ་གོ་གནས་འཕར་རྒྱུ་ཡོད་ལ་ཆག་རྒྱུའང་ཡོད་པར་སྐུལ་འདེད་གཏོང་བར་དེ་བས་ཚད་ལྡན་རང་བཞིན་དང་། སྒམ་ནན་རང་བཞིན། ཚན་རིག་རང་བཞིན་བཅས་ལྡན་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། ཏང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ལག་བསྟར་བྱེད་པ། མཁའ་རླུང་སྦགས་བཙོག་བཅོས་སྐྱོང་སོགས་སྐོར་གྱི་ཀྲུང་དབྱང་གི་འབྲེལ་ཡོད་གཏན་འབེབས་དག་ས་ཁུལ་དེ་རང་གི་ཚན་པས་ལས་བྱེད་པ་གོ་གནས་འཕར་རྒྱུ་ཡོད་ལ་ཆག་རྒྱུའང་ཡོད་པར་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱེད་ཐབས་ཁྲོད་ཁ་གསབ་དང་འཐུས་སྒོ་ཚང་དུ་བཏང་ནས་གནས་ཚུལ་ཞིབ་ཕྲ་རུ་གཏོང་བ་དང་། ཚད་གཞི་ཁ་གསལ་བཟོ་བ། འགན་འཁྲི་མི་འཁུར་བ་དང་བྱས་རྗེས་མི་འཇོག་པའི་སྣང་ཚུལ་ཡང་དག་ངང་དབྱེ་བ་འབྱེད་པ། ལས་བྱེད་པ“འོག་ལ་གཞི་འཛིན་ས་ཡོད་པ”བཅས་བྱས་ཏེ་ལམ་ལུགས་ཀྱི་བརྒྱུད་རིམ་རང་བཞིན་དང་དམིགས་སའི་རང་བཞིན་ཆེ་རུ་ཏན་ཏིག་གཏོང་དགོས།

    《བརྡ་ཐོའི》ནང་འགན་འཁྲི་ནན་དུ་གཏོང་བ་དང་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པའི་བླང་བྱ་བཏོན་ཞིང་། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་བྱེད་པོའི་འགན་འཁྲི་འཁུར་བ་དང་ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅི་ནི་འགན་འཁྲི་འཁུར་མཁན་ཨང་དང་པོ་ཡིན། ལས་བྱེད་པའི་གོ་གནས་འཕར་རྒྱུ་ཡོད་ལ་ཆག་རྒྱུའང་ཡོད་པར་སྐུལ་འདེད་གཏོང་བའི་གནས་ཚུལ་དེ“སྙན་ཞུ་གཅིག་དང་དཔྱད་མོལ་གཉིས”ཀྱི་ནང་དོན་གལ་ཆེན་ནང་བཅུག་ནས་ཆེད་དོན་སྙན་ཞུ་དང་དཔྱད་མོལ་དང་ལེན་བྱེད་དགོས། ཞིང་ཨུད་རྩ་འཛུགས་པུས《ལག་བསྟར་ཞིབ་སྲོལ》གྱི་ལག་བསྟར་གནས་ཚུལ་ཐད་ཀྱི་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལམ་ལུགས་དོན་འཁྱོལ་བྱེད་ཤུགས་ཞན་པ། དམ་འཛིན་དང་དོ་དམ་མ་བྱས་པའི་རྐྱེན་གྱིས་ཚུལ་མིན་སྤྱོད་ཚུལ་ཐོན་རིགས་ལ་དུས་བཀག་ནང་ཡོ་བསྲང་དང་དག་ཐེར་བྱ་རྒྱུ་མ་ཟད། ཞིབ་ཕྲའི་གནས་ཚུལ་གཞིར་བཟུང་འབྲེལ་ཡོད་ཀྱི་མི་སྣའི་འགན་འཁྲི་རྩད་གཅོད་ནན་པོའང་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།