སློབ་གྲྭ་དང་དེ་བཞིན་དེའི་མཐའ་འཁོར་གྱི་བཟའ་བཅའི་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད། མཚོ་སྔོན་ཞིང་ཆེན་གྱིས་སློབ་གྲྭ་དང་དེ་བཞིན་དེའི་མཐའ་འཁོར་གྱི“སྒོར་ཟུར་ལྔའི་བཟའ་བཅར”ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་ནས་བཟའ་བཅའི་གཉེར་སྐྱོང་ཚོང་དུད་173ལ་དག་ཐེར་བྱ་རྒྱུའི་བཀའ་བཏང་བ་དང་ཚོང་དུད་3ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་ཐག་གཅོད་བྱས་པ་རེད།
“སྒོར་ཟུར་ལྔའི་བཟའ་བཅའ”ནི་སྣ་ཁ་གཅིག་ལ“སྒོར་ཟུར་ལྔ”བྱེད་པའི་རྔན་པ་ཤ་སྡུག་རེད། མཚོ་སྔོན་ཞིང་ཆེན་གྱིས་ད་ཐེངས་ཀྱི་བཅོས་སྒྲིག་བྱ་སྤྱོད་གཙོ་བོ་སློབ་གྲྭའི་མཐའ་འཁོར་དང་གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཚམས་ཁུལ་དུ་སྤེལ་ནས་གོང་ཚད་དམའ་བའི་བྲོ་ལྡན་གྲོ་བཟོས་བཟའ་བཅའ་དང་། སྣུམ་སྲེག་སྲན་བཟོས་བཟའ་བཅའ། ཤ་བཟོས་རིགས། ཆུ་ཐོན་དངོས་རྫས་བཟའ་བཅའ། སྟབས་བདེའི་བཟའ་བཅའ། སྣུམ་སྲེག་བཟའ་བཅའ་སོབ་སོབ། བྱི་རིལ། འཐུང་བྱ་སོགས་ལ་གཙོ་གནད་ཐོག་བཅོས་སྒྲིག་བྱས་པ་རེད།
མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་གི་སྨན་རྫས་དང་བཟའ་བཅའ་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་སློབ་གྲྭ་དང་དེ་བཞིན་དེའི་མཐའ་འཁོར་གྱི་གཉེར་སྐྱོང་བྱེད་པོའི་ཐོབ་ཐང་ལ་གཙང་བཤེར་དང་། བཅོས་སྒྲིག ཚད་ལྡན་དུ་བཏང་ནས་ལག་ཁྱེར་མེད་པར་གཉེར་སྐྱོང་དང་ཁྲིམས་འགལ་ངང་གཉེར་སྐྱོང་བྱེད་པའི་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་དང་མེད་པ་བཟོས་པ་མ་ཟད། “སྒོར་ཟུར་ལྔའི་བཟའ་བཅར”གཙོ་གནད་ཐོག་ཞིབ་བཤེར་བྱས་ཏེ་བྲིན་ཚོང་ཡོང་ཁུངས་གསལ་པོ་མེད་པ་དང་། སྤུས་ཚད་ཚད་ལོན་གྱི་དཔང་རྟགས་མེད་པའི་བཟའ་བཅའ། ཤོག་བྱང་ཚད་ལྡན་མེད་པ་དང་དེ་བཞིན་བཟའ་བཅའ་རྫུས་མ་དང་། དུས་ཚོད་ལས་ཡོལ་བའི་བཟའ་བཅའ། “གསུམ་མེད”བཟའ་བཅའ་བཅས་བཟོ་བ་དང་འཚོང་བའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་བ་དང་ཞིབ་བཤེར་ཐག་གཅོད་བྱས་པ་རེད།