དབུ་ཤོག>གསར་འགྱུར།
  • གངས་ལྗོངས་ས་མཐོའི་འདམ་ར་ལྷག་པར་མཛེས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2018-09-18

    550959_yis_1537154438564_s.jpg

    འདི་ནི་རྩྭ་ཆུ་བཟང་བའི་གཏིང་སྐྱེས་རྫོང་གི་སྟོན་གྱི་རང་མདངས་ཡིན་པ།

    550960_yis_1537154439297_s.jpg

    འདི་ནི་ཟླ་9ཚེས་14ཉིན་ཁྲུང་ཁྲུང་སྐེ་ནག་གསུམ་གཟར་ཤང་གི་འདམ་ར་ཞིག་ཏུ་བག་ཕེབས་ངང་ཟས་འཚོལ་བཞིན་པ།

    རི་བོ་ཧི་མ་ལ་ཡའི་བྱང་རྒྱུད་དུ་གནས་ཤིང་། ས་བབ་མཐོ་ཚད་སྨི་4300ཟིན་པའི་བོད་ཀྱི་གཏིང་སྐྱེས་རྫོང་དུ་འདམ་ར་ཧ་ཅང་མང་བ་དང་། སྲུང་སྐྱོང་ཁུལ་གྱི་ཁོངས་སུ་བཅུག་པའི་འདམ་རའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་293.8ཟིན་པ་དེས་རྫོང་དེའི་སྤྱིའི་རྒྱ་ཁྱོན་གྱི་5%བཟུང་ཡོད། གཏིང་སྐྱེས་རྫོང་གིས་ཉེ་བའི་ལོ་ཤས་རིང་འདམ་རའི་སྲུང་སྐྱོང་བྱ་དགའ་དང་འདམ་རའི་སྣོད་བཅུད་ཕན་འབྲས་ཁ་གསབ་རྣམ་གྲངས་ཀྱི་ཚོད་ལྟ་བྱས་པ་བརྒྱུད། གཙོ་གནད་འདམ་རར་ཕྱུགས་འཕྲི་དང་རྩྭ་ཁ་བཀག་པ་དང་མང་ཚོགས་ལ་ཕྱུགས་འཕྲི་དང་རྩྭ་ཁ་བཀག་པའི་ཁ་གསབ་སྤྲད་དེ་འཕེལ་རྒྱས་དང་སྲུང་སྐྱོང་གི་དཀའ་གནད་ཐག་གཅོད་ཡག་པོ་བྱས་པས། འདམ་ར་མང་པོ་ཞིག་སླར་ཡང་ཁྲུང་ཁྲུང་སྐེ་ནག་དང་། ངང་སེར། ཁྲུང་ཁྲུང་མགོ་ཁྲ་སོགས་དུས་བྱའི་འཚོ་གནས་དང་སྐྱེ་འཕེལ་བྱ་ཡུལ་དུ་གྱུར་ཡོད།

    གཏིང་སྐྱེས་རྫོང་གིས་འདམ་རར་བདག་སྐྱོང་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་བ་དང་རྫོང་དེ་ནས་འདམ་རའི་ལྟ་སྐུལ་དོ་དམ་པ་16དང་འདམ་རའི་བདག་སྐྱོང་བ་125གདན་ཞུ་བྱས་པ་མ་ཟད། ཤང་དང་གྲོང་རྡལ་ཁག་དང་གྲོང་ཚོ་ཁག་ལ་འདམ་རའི་བདག་སྐྱོང་གི་ས་ཁོངས་གསལ་སྟོན་བྱས་ཡོད།

    ད་ཆ་འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱི་རྩ་ཆེའི་སྟོངས་ཉེའི་དངོས་རིགས་ཀྱི་མིང་གཞུང་དམར་པོར་བཅུག་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག་གཏིང་སྐྱེས་རྫོང་གི་འདམ་རར་མང་པོ་མཐོང་རྒྱུ་ཡོད། པ་སངས་ཚེ་རིང་གཞོན་པ་ནི་གཏིང་སྐྱེས་རྫོང་གཟར་ཤང་འཁོར་ཆེན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་ལ། གཡས་རུ་གཙང་པོའི་གྲོང་ཚོ་རིམ་པའི“ཆུ་དཔོན”ཞིག་ཀྱང་རེད། ད་ཆ་སྣོད་བཅུད་ལས་གནས་ཀྱི་ལས་དོན་པའི་འགོ་ཁྲིད་ནས་ཆུ་ལམ་གཙང་སེལ་དང་སྦག་སྦག་བཞོན་ནས་འདམ་རར་སྐོར་ཞིབ་བྱེད་པ་པ་སངས་ཚེ་རིང་གི་རྒྱུན་གཏན་གྱི་ལས་ཀར་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།