དབུ་ཤོག>གསར་འགྱུར།
  • རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་སྒྲིག་ཆས་ལྟེ་གནས་ཀྱིས་ལུས་རྩལ་ལ་བརྟེན་ནས་བོད་སྐྱོར་ལས་དོན་སྤེལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2018-09-15

    ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ལུས་རྩལ་སྒྲིག་ཆས་ལྟེ་གནས་ཀྱིས་ཉེ་ཆར་ལྷ་སར་རྟོག་ཞིབ་དང་སྤེལ་རེས་བྱས་པ་དང་འབྲེལ་ལུས་རྩལ་ཐོན་ལས་ལྟེ་བར་བྱས་ཏེ་ལུས་རྩལ་ལ་བརྟེན་ནས་བོད་སྐྱོར་ལས་དོན་མུ་མཐུད་སྤེལ་བ་རེད།

    བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཡུང་ཀྲེན་གྱིས《རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་བོད་ཀྱི་ལུས་རྩལ་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་འགན་འཁྲི་ཁག་བགོས》གཞིར་བཟུང་། སྒྲིག་ཆས་ལྟེ་གནས་ཀྱིས་བོད་ལ་མཛུབ་ཁྲིད་བྱས་ནས་2018ལོའི་རྒྱལ་ཁབ་ལུས་རྩལ་ཐོན་ལས་རྟེན་གཞིའི་རེ་ཞུའི་ལས་དོན་སྤེལ་བ་དང་། ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྱིས་རྒྱལ་ཁབ་ལུས་རྩལ་ཐོན་ལས་དཔེ་སྟོན་རྟེན་གཞིའི་རེ་ཞུའི་དཔྱད་ཡིག་ཕུལ་ནས་མིག་སྔར་དཔྱད་ཞིབ་བྱེད་བཞིན་ཡོད་པ་རེད། དེ་དང་དུས་མཚུངས་སྒྲིག་ཆས་ལྟེ་གནས་ཀྱིས་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དཔལ་འབྱོར་སི་དང་མཉམ་དུ་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་ཉིང་ཁྲི་གྲོང་ཁྱེར་དུ་བསྐྱོད་དེ་ས་གནས་དེ་གའི་ལུས་རྩལ་གྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུར་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་འབྲེལ་བསམ་འཆར་དང་གྲོས་འགོ་ཡང་བཏོན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཡོ་ཆས་ལྟེ་གནས་ཀྱིས་བོད་ལྗོངས་འདི་ཉིད་རྒྱལ་ཡོངས་རང་བཞིན་གྱི་ལུས་རྩལ་ཐོན་ལས་གསོ་སྦྱོང་ལ་མུ་མཐུད་ཞུགས་རྒྱུར་རྒྱབ་སྐྱོར་བྱས་པ་དང་སྔ་རྗེས་སུ་བོད་ལྗོངས་ལུས་རྩལ་ཅུས་ཐོན་ལས་དོ་དམ་སྡེ་ཚན་གྱི་མི་སྣ་ཟླ་5པ་དང་8པར་ཁྲུང་ཆིང་དང་ཀྲེང་ཀྲོའུ་རུ་གཉེར་བའི་ལུས་རྩལ་ཐོན་ལས་མིང་གཞུང་མཛོད་འཛུགས་པ་དང་ལས་དོན་གྱི་གསོ་སྦྱོང་ལ་ཞུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་1998ལོ་ནས་བཟུང་བོད་སྐྱོར་ལས་འགན་འཁུར་ཞིང་། 2017ལོའི་ཟླ་12པ་ནས་བཟུང་རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱིས་བོད་ལྗོངས་ཀྱི་ལུས་རྩལ་ལ་རོགས་སྐྱོར་བྱེད་པའི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ནས“སྡོང་ཕྲུག་འཆར་གཞི”སོགས་ཚུད་པའི་བོད་སྐྱོར་ལས་དོན་གྱི་བྱ་ཐབས་ཁག་250ལྷག་ཙམ་གཏན་འཁེལ་བྱས་པ་དང་འབྲེལ་སྤྱི་ཁྱབ་ཅུས་ཀྱི་སྡེ་ཚན་ཁག་དང་ཁོངས་གཏོགས་ཚན་པ་ཁག་ལ་རིམ་བཞིན་ཁྱབ་གདལ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།