དབུ་ཤོག
  • ཉིང་ཁྲིའི་གཟུགས་བརྙན་གསར་པ་སླར་ཡང་མངོན་པར་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ འདི་ག་ཚགས་པར་ཁང་གི་གསར་འགོད་པ། མེ་ཀྲེང་ཝུའེ།   |     སྤེལ་དུས།  2018-09-06

    “རིག་གནས་དང་ཡུལ་སྐོར་པུའུ་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་སྐབས་བཞི་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་དང་དཔལ་འབྱོར་ཚོང་དོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རང་བྱུང་མཛེས་ལྗོངས་དང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་འགྲེམས་སྟོན་གང་ལེགས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་གྱི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་ཐོན། མི་རིགས་མཐུན་སྒྲིལ། ཞི་མཐུན་བརྟན་ལྷིང་། སྒྱུར་བཅོས་སྒོ་དབྱེ། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་རྣམ་པ་གསར་པ་འགྲེམས་སྟོན་བྱ་རྒྱུ་རེད། འདི་ལོ་ཉིང་ཁྲི་གྲོང་ཁྱེར་དུ་ཡན་ལག་ཚོགས་ར་ཐོག་མར་བཙུགས་པས་ཉིང་ཁྲི་གྲོང་ཁྱེར་གྱི་གཟུགས་བརྙན་དྲིལ་བསྒྲགས་བྱེད་པ་དང་། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ཀྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་གོང་མཐོར་གཏོང་རྒྱུར་སྐུལ་མ་ཧ་ཅང་ཆེན་པོ་ཐེབས་རྒྱུ་རེད”ཉིན་ཤས་གོང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་། ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི། “སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་ཉིང་ཁྲི་ཡན་ལག་ཚོགས་ར་དང་2018ལོའི་བོད་ལྗོངས་ཉིང་ཁྲིའི་ཡར་ཀླུང་གཙང་པོའི་སྣོད་བཅུད་རིག་གནས་ཡུལ་སྐོར་དུས་ཆེན”གྱི་བྱེད་སྒོའི་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་མ་ཧྲེང་ཁྲང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། “མིག་སྔར་བོད་ལྗོངས་འགྲེམས་ཚོགས་ཀྱི་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རའི་བྱེད་སྒོ་ཁག་ལ་ཞུགས་རྒྱུའི་གྲ་སྒྲིག་ལས་དོན་རྩ་བའི་ཆ་ནས་སྒྲུབ་ཟིན་ཡོད”ཅེས་བརྗོད་པ་རེད།

    སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་ཀྱི་ཚོགས་ར་གཙོ་བོའི་ཉིང་ཁྲིའི་གཟུགས་བརྙན་ཁང་གི་འགྲེམས་སྟོན་དང་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་དང་འགྲེམས་ཚོང་བྱེད་སྒོའི་འགན་འཁུར་བ་ཉིང་ཁྲི་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་ཅུས་ཀྲང་ཐང་ཁའེ་པིང་གིས་གསར་འགོད་པར་ཉིང་ཁྲིའི་གཟུགས་བརྙན་ཁང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཉིང་ཁྲི་གྲོང་ཁྱེར་ལ་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་དང་ཉིང་ཁྲིའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་གཙོ་གནད་འགྲེམས་སྟོན་བྱས་ཏེ་ཕྱི་རྒྱལ་གྱི་སྐུ་མགྲོན་དང་ཕྱོགས་བཞི་མཚམས་བརྒྱད་ནས་སླེབས་པའི་ཡུལ་སྐོར་བར་ཉིང་ཁྲིའི་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་གསོན་ཤུགས་མྱོང་ཚོར་ཐུབ་པ་བྱེད་རྒྱུ་ཡིན་ཞེས་བརྗོད།

    ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཀྱི་ཉིང་ཁྲིའི་ཡན་ལག་ཚོགས་ར་དང་2018ལོའི་བོད་ཀྱི་ཡར་ཀླུང་གཙང་པོའི་སྣོད་བཅུད་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བྱེད་སྒོ་སྤེལ་རིང་ཉིང་ཁྲི་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས“ཉིང་ཁྲིའི་ངོ་འཕྲད་གྲོས་མོལ་ཚོགས་འདུ”——ཉིང་ཁྲིའི་ཞིམ་ཟས་དང་ཁྱད་ལྡན་ཐོན་རྫས་ཀྱི་འགྲེམས་ཚོང་བྱེད་སྒོའི་ལས་ཀའི་འགན་འཁུར་བ་དང་། “ཉིང་ཁྲིའི་ངོ་འཕྲད་གྲོས་མོལ་ཚོགས་འདུར”ཉིང་ཁྲིའི་ཡུལ་སྐོར་རིག་གནས་ཀྱི་ཐོན་ཁུངས་གཙོ་བོ་ངོ་སྤྲོད་བྱས་ཏེ་རྒྱལ་ཕྱི་རྒྱལ་ནང་གི་མགྲོན་པོ་དང་ལྗོངས་ཕྱི་ནང་གི་ཚོང་པས་ཉིང་ཁྲི་རང་གི་ཁེ་ལས་འཕེལ་རྒྱས་ཀྱི་ད་ཡོད་གནས་ཚུལ་ཤེས་རྟོགས་དང་མ་འཇོག་གི་འདུན་པ་ངོ་འཕྲད་གྲོས་མོལ་བྱ་རྒྱུ་རེད། སྐབས་འདིའི “ཉིང་ཁྲིའི་ངོ་འཕྲད་གྲོས་མོལ་ཚོགས་འདུར”ས་མཐོའི་དེང་རབས་ཀྱི་ཞིང་འབྲོག་ལས་དང་། རིག་གནས་ཡུལ་སྐོར་ལས་རིགས། བོད་ཀྱི་གསོ་བ་རིག་པའི་ཐོན་ལས། རང་བྱུང་འཐུང་ཆུ་གསར་སྤེལ་སོགས་ཁྱབ་ཁོངས་ཀྱི་སྤུས་ལེགས་རྣམ་གྲངས་གཙོ་གནད་ཐོག་ངོ་སྤྲོད་བྱ་རྒྱུ་དང་། རྣམ་གྲངས་28ལ་མ་འཇོག་བྱེད་རྩིས་ཡོད་པ་དེར་མ་དངུལ་སྒོར་དུང་ཕྱུར་45.08གཏོང་རྒྱུ་དང་། ཞིམ་ཟས་དང་ཁྱད་ལྡན་ཐོན་རྫས་ཀྱི་འགྲེམས་ཚོང་ཐོག་རྫོང་དང་ཆུས་ཁག་གི་ཁྱད་ལྡན་ཐོན་རྫས་དང་ཞིམ་ཟས་དང“གཉིས་གཏོད”ཀྱི་ཁེ་ལས་81ལེགས་འདེམས་བྱ་རྒྱུ་དང་ཀོང་ཏུང་ཏུང་ཀོན་གྱི་ཁེ་ལས་7འགྲེམས་སྟོན་ལ་ཞུགས་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།