དབུ་ཤོག>གསར་འགྱུར།
  • བོད་སྐྱོར་ལས་དོན་གྱིས་བོད་ཀྱི་བྱ་གཞག་ཁག་ལ་སྔར་བས་ཤུགས་སྣོན་རྒྱག་དགོས།

  • ཡོང་ཁུངས།  བོད་ལྗོངས་དྲ་འཕྲིན་གཞུང་ལས་ཁང་།   |     སྤེལ་དུས།  2018-08-31

    རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱ་རྒྱུ་ནི་ཀྲུང་དབྱང་གི་གལ་ཆེའི་འཐབ་ཇུས་བཀོད་སྒྲིག་ཅིག་དང་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྟོབས་ཆེན་ཞིག་རེད། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40འཁོར་བ་དང་། ཏང་ཀྲུང་དབྱང་གིིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་འཚོགས་པ་དང་། བོད་སྐྱོར་ལས་དོན་དེ་སྔ་ཕྱི་བར་གསུམ་དུ་སྤྱི་ཡོངས་ལ་བརྩི་བ། འགན་འཁྲིར་བརྩི་བ། བོད་སྐྱོར་ལས་དོན་དེ་ཞིང་ཆེན་དང་གྲོང་ཁྱེར་དེ་ག་དང་། སྡེ་ཚན་དེ་ག  ཚན་པ་དེ་ག་བཅས་ཀྱི་སྤྱི་ཡོངས་ཀྱི་འཆར་འགོད་དང་ལས་དོན་བཀོད་སྒྲིག་ནང་འཇོག་པ། ཕྱོགས་མང་བ་དང་། ཁྱབ་ཁོངས་ཡངས་པ། རིམ་པ་མང་བ་བཅས་ཀྱི་སྒོ་ནས་བོད་སྐྱོར་ལས་དོན་བསྒྲུབས་པ་བཅས་བྱས་ཡོད་ལ་བོད་སྐྱོར་ལས་དོན་གྱི་ལག་ལེན་ཉམས་མྱོང་གསོག་འཇོག་དང་བོད་ཀྱི་ལས་དོན་འཕེལ་རྒྱས་ཀྱི་བླང་བྱ་གསར་པ་དང་བསྟུན་ནས་བོད་སྐྱོར་ལས་དོན་གྱིས་ཤེས་ལྡན་པ་དང་ལག་རྩལ་གྱི་རོགས་སྐྱོར་གཞི་ཁྱོན་རིམ་གྱིས་མང་དུ་བཏང་སྟེ་སྔར་བས་གཞི་རིམ་དུ་ཕྱོགས་པ་མ་ཟད་རོགས་སྐྱོར་ནང་དོན་རྒྱུན་ཆད་མེད་པར་ཟབ་ཏུ་དང་བོད་སྐྱོར་ལས་དོན་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་བཏང་བས་ཕྱོགས་མང་བ་དང་། རིམ་པ་མང་བ། ཁྱབ་རྒྱ་ཡངས་པ་བཅས་ཀྱི་རྣམ་པ་ཞིག་ཆགས་ཡོད།

    བོད་སྐྱོར་བྱེད་མཁན་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་། ཁེ་ལས། ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཞུས་ཏེ། བོད་ཀྱི་དོན་དངོས་གཞིར་བཟུང་རྒྱུན་ཆད་མེད་པར་བོད་སྐྱོར་གྱི་ནང་དོན་གཏིང་ཟབ་ཏུ་བཏང་བ་དང་། བོད་སྐྱོར་ཀྱི་ཁྱབ་ཁོངས་རྒྱ་ཆེར་བཏང་བ། བོད་སྐྱོར་གྱི་རྣམ་པ་ཕུན་སུམ་ཚོགས་སུ་བཏང་བ། རྒྱུན་ཆད་མེད་པར་ཤེས་ལྡན་པ་དང་། ལག་རྩལ། དངུལ་རྩ་བཅས་ཀྱི་བོད་སྐྱོར་བྱ་ཤུགས་ཆེ་རུ་བཏང་བ་བཅས་བོད་སྐྱོར་རྣམ་གྲངས་ཁག་གོམ་གང་མདུན་སྤོས་ཀྱིས་གཞི་རིམ་དང་དམངས་འཚོའི་ཁྱབ་ཁོངས་ལ་ཕྱོགས་ཡོད་པ་རེད། བོད་སྐྱོར་རྣམ་གྲངས་དེ་དག་ནང་ཞིང་ལས་དང་། ནགས་ལས། འབྲོག་ལས། ཆུ་བེད། གློག་ཤུགས། འགྲིམ་འགྲུལ། ནུས་རྒྱུ། རིག་གནས་སློབ་གསོ། སྨན་བཅོས་འཕྲོད་བསྟེན། རླུང་འཕྲིན་བརྙན་འཕྲིན། གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན། གཞི་རིམ་སྲིད་དབང་འཛུགས་སྐྱོང་། མང་ཚོགས་སྡོད་ཁང་བསྒྱུར་བཟོ། ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཀྱི་ཁྱབ་ཁོངས་ཡོད་པས་ཕྱོགས་ཡོངས་དང་། བང་རིམ་མང་བ། ཁྱབ་ཁོངས་ཆེ་བ་བཅས་ཀྱི་བོད་སྐྱོར་རྣམ་པ་ཞིག་ཆགས་ཡོད་པ་མ་ཟད་རྣམ་གྲངས་དེ་དག་ཚང་མར་གཡུར་ཟའི་འབྲས་བུ་ཐོབ་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པ་རེད།

    “ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་དང་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་གནང་བ”དེ་ཐོག་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེ་མོའི་རླབས་ཆེན་སྟོབས་ཤུགས། སྤྱི་ཚོགས་རིང་ལུགས་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་ཐུན་མོང་ཕྱུག་འགྱུར་གྱི་བོད་ཀྱི་མཛེས་སྡུག་ལྡན་པའི་མདུན་ལམ་བཅས་མངོན་ཡོད། སླད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས་བོད་སྐྱོར་ལས་དོན་གྱིས་བོད་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བོད་ཀྱི་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བ། མི་རིགས་སྤེལ་རེས་དང་མི་རིགས་མཐུན་སྒྲིལ་ལ་སྔར་བས་སྐུལ་འདེད་གཏོང་བ། ཁྲག་རྒྱུན་གཅིག་ལྟ་བུའི་ལེའུ་གསར་པ་སྔར་བས་གཏོད་དགོས།(བོད་ལྗོངས་དྲ་འཕྲིན་གཞུང་ལས་ཁང་། པད་རྡོར)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།