བོད་ལྗོངས་གཞིས་རྩེས་རང་ཡུལ་གྱི་སྦི་རག་སྤུས་རྟགས་བཏོད་པ།
བོད་ལྗོངས་གཞིས་རྩེ་སྦི་རག་བཟོ་གྲྭ་ནི་ས་གནས་དེ་གའི་མིས་བཙུགས་ཤིང་། བཟོ་གྲྭ་རི་འདབས་སུ་གནས་ཡོད། བཟོ་གྲྭའི་སྤྱོད་ཆུ་ནི་ས་བབ་མཐོ་ཚད་སྨི་4200ནས་བཞུར་ཡོང་བའི་བྲག་ཆུ་ཡིན། བཟོ་གྲྭར་ད་ཆ་རང་འགུལ་ཅན་གྱི་ཐོན་སྐྱེད་འཁོར་ཁང་དང་བསྙལ་ཁང་སོགས་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། སྦི་རག་བཟོ་གྲྭ་དེས་ད་ཆ་ས་གནས་དེ་གའི་མང་ཚོགས་30དང་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་ཐོན་སློབ་མ་20བསྡུས་ཡོད་པ་མ་ཟད། ད་དུང་པའེ་ཝེ་དབྱིན་པོ་སྦི་རག་ཀུང་སིའི་སྦི་རག་བསྙལ་རྩལ་མཁས་ཅན་5ལག་རྩལ་མཛུབ་ཁྲིད་བྱེད་མཁན་དུ་གདན་ཞུ་བྱས་ཡོད་པ་རེད།
འདི་ནི་བོད་ལྗོངས་གཞིས་རྩེ་སྦི་རག་བཟོ་གྲྭའི་ལས་མིས་ཐོན་སྐྱེད་འཁོར་ཁང་དུ་ལས་ཀ་བྱེད་པའི་གནས་ཚུལ་ཡིན་པ།