དབུ་ཤོག>གསར་འགྱུར།
  • ཡར་ཀླུང་རིག་གནས་དུས་ཆེན་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-08-29

    544507_yis_1535431722710.jpg

    ལྷོ་ཁ་གྲོང་ཁྱེར་དང་ཨན་ཧུའེ་ཞིང་ཆེན་གྱིས་མཉམ་དུ་གཉེར་བའི་2018ལོའི་ཡར་ཀླུང་རིག་གནས་དུས་ཆེན་ཚེས་26ཉིན་གྱི་དགོང་མོ་ལྷོ་ཁ་གྲོང་ཁྱེར་རྩེད་ཐང་གྲོང་རྡལ་དུ་འགོ་ཚུགས་པ་རེད། དུས་ཡུན་ཉིན་7གྱི་རིག་གནས་དུས་ཆེན་རིང་མང་ཚོགས་ཚོས་ཕུལ་བྱུང་གི་གཞས་མ་གཏམ་གྱི་འཁྲབ་སྟོན་ལྟ་བ་དང་། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་ཚུན། ལྷོ་ཁ་གྲོང་ཁྱེར་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་མཉམ་དུ་ཕྱིར་དྲན་བྱ་རྒྱུ་རེད། གཞན་ཡང་། ད་དུང་རིག་གནས་དུས་ཆེན་རིང་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་འཚོགས་ནས་ལྷོ་ཁ་གྲོང་ཁྱེར་གྱི་ས་མཐོའི་ཁྱད་ལྡན་ཐོན་རྫས་གཅིག་སྡུད་ཐོག་འགྲེམས་ཚོང་བྱ་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་རིག་གནས་དུས་ཆེན་རིང་ལྷོ་ཁ་གྲོང་ཁྱེར་དུ་ཚོགས་ར་གཙོ་བོ་དང་། ཨན་ཧུའེ་ཞིང་ཆེན་དུ་ཡན་ལག་ཚོགས་ར་བཀོད་སྒྲིག་བྱ་རྒྱུ་ཡིན་ཞིང་། འདི་ནི་འགོ་ཚུགས་མཛད་སྒོའི་ཐོག་ལྟད་མོ་ཆེ་བའི་འཁྲབ་སྟོན་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།