དབུ་ཤོག>གསར་འགྱུར།
  • འདི་ལོ་ལྷ་ས་གྲོང་ཁྱེར་མཐའ་སྐོར་གྱི་རི་བོ་དེ་བས་སྔོ་བར་གྱུར་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2018-08-25

     ཟླ་བརྒྱད་པར་ལྷ་སའི་རྩྭ་རྩི་ཤིང་སྐྱེ་ཚུལ་ལེགས་ལ་ས་འཛིན་ཐམས་ཅད་སྔོ་ཐིང་ཐིང་དུ་གྱུར་ཡོད། བསམ་ཡུལ་ལས་འདས་པ་ཞིག་ནི་ལྷ་ས་གྲོང་ཁྱེར་མཐའ་སྐོར་གྱི་སྤང་སྐྱེ་དཀའ་བའི་རི་བོ་དག་འདི་ལོ་སྔོ་ཐིང་ངེར་གནས་ཡོད། གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་སོང་བ་དང་བསྟུན་ནས་ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས“རིར་ཤིང་འདེབས་པ”སོགས་ཀྱི་སྣོད་བཅུད་འདུ་འགོད་ལག་བསྟར་བྱས་པས་ཡུན་རིང་རི་རྒོད་དུ་ལུས་པའི་གྲོང་ཁྱེར་མཐའ་སྐོར་གྱི་རི་བོ་དག་སྔོ་ཐིང་ངེར་གྱུར་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་ཉེ་བའི་ལོ་30ཙམ་གྱི་རིང་བོད་ཀྱི་ལོའི་ཆ་སྙོམས་དྲོད་ཚད་1℃ཙམ་འཕར་བ་དང་། ལྷ་ས་གྲོང་ཁྱེར་གྱི་ཆར་དུས་རིང་དུ་སོང་བ་དང་ཆར་ཆུ་མང་དུ་སོང་ཡོད། གནམ་གཤིས་འགྱུར་ལྡོག་དང་མཐུན་ཆེད་ལྷ་ས་གྲོང་ཁྱེར་གྱིས་2012ལོ་ནས་བཟུང་ལྷ་ས་སྐྱིད་ཆུའི་ལྷོ་ངོགས་ཀྱི་ལྷོ་རིར“རིར་ཤིང་འདེབས་པའི”ནགས་གསོ་སྔོ་འགྱུར་ཚོད་ལྟ་བྱས་ནས་ད་བར་ནགས་གསོ་བྱེད་ཚད་མུའུ་3500ལྷག་ཙམ་ཟིན་པ་དང་སྡོང་ཕྲུག་སྣ་ཚོགས་རྐང་ཁྲི་120ལྷག་ཙམ་བཏབ་ཡོད། རྨང་གཞི་དེའི་ཐོག་ལྷ་ས་གྲོང་ཁྱེར་གྱིས་2016ལོར“ལྗོན་ཤིང་གིས་གྲོང་ཁྱེར་བསྐོར་བའི”རྣམ་གྲངས་འཛུགས་སྐྲུན་བྱེད་འགོ་ཚུགས་ཏེ་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་སྔོ་འགྱུར་བྱེད་ཚད་37.8%དང་མི་རེའི་ཆ་སྙོམས་སྤྱི་པའི་སྤང་ལྗོངས་རྒྱ་ཁྱོན་སྨི་ངོས་གྲུ་9.7ཟིན་ཡོད། གནམ་གཤིས་དང་མི་ཐབས་ཀྱི་མཉམ་སྐུལ་འོག་མཐོ་གྲང་གསོ་རླུང་མི་འདང་བའི་གནའ་གྲོང་ལྷ་ས་འདི་ལོ་བཞའ་ཚན་ཆེ་རུ་སོང་བ་དང་གནས་སོས་བདེ་རུ་སོང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།