དབུ་ཤོག>གསར་འགྱུར།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་དོན་ལ་གྲུབ་འབྲས་ཡག་པོ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  罗布玉珍   |     སྤེལ་དུས།  2018-08-24

     ཉེ་ཆར། གསར་འགོད་པས་ཁྲེང་ཀོན་ཆུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཕྱོགས་ཚང་མའི་འབད་འཐབ་ཧུར་ཐག་བརྒྱུད། 2017ལོར་ཁྲེང་ཀོན་ཆུས་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་དོན་ལ་གྲུབ་འབྲས་ཡག་པོ་ཐོབ་པ་རེད། 2017ལོའི་ཟླ་དཀྱིལ་ནས་བཟུང་ལས་དོན་སྤེལ་བས་ད་བར“ལྗོན་ཤིང་མེད་པའི་དུད་ཚང”285ལ་ལྗོན་ཤིང་འདེབས་པའི་ལས་འགན་ལེགས་གྲུབ་བྱུང་བ་དང་། ཤང་བཞིས་འོས་འགན་ཤིང་འཛུགས་བྱས་པའི་སྡོང་རྐང་29320ཟིན་པ། སྒོ་རའི་དཔལ་འབྱོར་ནང་ཞུགས་པའི་དུད་ཚང་778ཟིན་པ། དོག་སྡེའི་ལུང་ཤུར་གྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་གྲྭས་སྡོང་རྐང་70212འདེབས་འཛུགས་བྱས་པ་བཅས་རེད། 2018ལོར་ཁྲེང་ཀོན་ཆུས་ཀྱིས་མ་དངུལ་སྒོར་ཁྲི་1400.0886བཏང་ནས་སྔོ་འགྱུར་རྒྱ་ཁྱོན་སྨི་ངོས་གྲུ་733190ཟིན་པ་བྱ་རྒྱུ་དང་འབྲེལ་དོག་སྡེ་ལུང་ཤུར་གྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་དུས་ཐེངས་གཉིས་པའི་ལས་གྲྭ་ནུས་ལྡན་ངང་འཛུགས་སྐྲུན་དང་སྒྱུར་བཀོད་ཧུར་ཐག་བྱ་རྒྱུ་ཡིན་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།