ཟླ་8ཚེས་19ཉིན་གྱི་སྔ་དྲོ། ཆབ་མདོ་གྲོང་ཁྱེར་གྱི་སྐབས་བཞི་པའི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་ཅིན་ཁྲང་ལུས་རྩལ་རིག་གནས་ལྟེ་གནས་སུ་འཚོགས་ཤིང་། སྐབས་འདིའི་རིག་གནས་སྒྱུ་རྩལ་དུས་ཆེན་དེ“ལོ་ངོ་སྟོང་གི་གནའ་ལམ། བཀྲ་ཤིས་ལོ་ཟླ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། 《དགའ་སྤྲོ་འཁོལ་བའི་གཙང་གསུམ》དང་། 《ཚེ་སྲོག་གི་བསྟོད་གླུ》 《བཀྲག་མདངས་འཚེར་བའི་མུ་ཏིག》སོགས་འཁྲབ་ཚན་གྱི་གར་སྟབས་ཁྲོད་རིག་རྩལ་འཁྲབ་སྟོན་འགོ་ཚུགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་རིག་གནས་སྒྱུ་རྩལ་དུས་ཆེན་རིང་ད་དུང་ཁྱད་ལྡན་ཐོན་ཟོག་འགྲེམས་ཚོང་དང་། ཁྱད་ལྡན་ཡུལ་སྐོར་མྱོང་རོལ། ཡིག་གཟུགས་དང་རི་མོའི་བརྩམ་བྱ་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་ནས། ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྱུར་ལྡོག་གསར་པ་དང་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་ཀྱི་བསམ་པའི་ཉམས་འགྱུར་མངོན་རྒྱུ་ཡིན་ཞིང་། འདི་ནི་འགོ་ཚུགས་མཛད་སྒོའི་ཚོགས་ར་ཡིན་པ།