དབུ་ཤོག>གསར་འགྱུར།
  • ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གྲྭར་གློག་ཤུགས་འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2018-08-19

    ཚེས་15ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3པ་ཙམ་ལ། ཆན་ཕུའུ་500ཡི་ཐང་སྨར་གྱི་ལམ་ཐིག་དང་པོ་དང་གཉིས་པའི་ཆུ་ཚོད་24ཡི་ཚོད་ལྟའི་འཁོར་རྒྱུག་ལས་དོན་མཇུག་འགྲིལ་བ་དང་དངོས་སུ་སྤྱོད་འགོ་ཚུགས་པ་དེ་ཐོག་་པ་དེས་ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གྲྭའི་གློག་ཤུགས་ཆན་ཕུའུ་500བར་འཁོར་རྒྱུག་ཐུབ་པ་མཚོན་གྱི་ཡོད།

    ལམ་ཐིག་དེ་གློག་ཤུགས་འཕར་ནས་འཁོར་རྒྱུག་ཐུབ་པ་དེས་སི་ཁྲོན་དང་བོད་ལྗོངས་ས་ཆ་གཉིས་ཀྱི་གློག་དྲར་སྔར་བས་བརྟན་ལ་བློས་འཁེལ་གློག་ཤུགས་མཐོ་ལ་ས་ཁོངས་སྒྲོལ་བའི་དྲ་སྦྲེལ་འགན་ལེན་མཁོ་འདོན་བྱས་ཏེ་བོད་དབུས་དྲ་སྦྲེལ་ལས་གྲྭ་ལས་འགོ་ཚུགས་རྒྱུར་རྨང་གཞི་བཏིང་ཡོད་ཅིང་། བོད་ལྗོངས་དབུས་རྒྱུད་ཀྱི་གློག་དྲ་དང་ཆབ་མདོ་གློག་དྲའི་ཆུ་བྲི་བའི་རིང་གི་གློག་དཀོན་པའི་གནད་དོན་ཞི་ལྷོད་དུ་གཏོང་རྒྱུ་རེད།

    ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གྲྭ་དེས་བོད་ལྗོངས་ཆབ་མདོའི་གློག་དྲ་དང་སི་ཁྲོན་གྱི་གློག་དྲ་སྦྲེལ་མཐུད་ཐུབ་པས་འདི་ནི་ཀྲུང་དབྱང་གི་བོད་ཀྱི་འཐབ་ཇུས་ལས་དོན་བཀོད་སྒྲིག་ལག་བསྟར་དང་། རྒྱལ་ཁབ་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་དོན་འཁྱོལ། ཁྲོན་བོད་ས་ཆ་གཉིས་ཀྱི་ས་ཁུལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ཞབས་ཞུ་བཅས་ཀྱི་གློག་གཏོང་གི“ལྟེ་བ”གལ་ཆེན་ཞིག་ཡིན། གློག་ཤུགས་འཕར་རྗེས་ཀྱི་ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གྲྭས་བོད་དབུས་གློག་ཤུགས་དྲ་སྦྲེལ་ལས་གྲྭའི“བོད་སྐྱོད་ལྟེ་བ”སྟེ། ཆན་ཕུའུ་500ཡི་སྨར་ཁམས་གློག་སྒྱུར་ས་ཚིགས(ས་བབ་སྨི་4295)སྦྲེལ་མཐུད་ཐུབ་པ་དང་འདི་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ཆན་ཕུའུ་500ཡི་གློག་སྒྱུར་ས་ཚིགས་ཤིག་ཡིན། ཆན་ཕུའུ་500ཡི་མཐོ་གནོན་གློག་ནུས་ཀྱིས་སྤྱི་ལེ་1983བརྒྱུད་གསར་སྐྲུན་ལམ་ཐིག་བརྒྱུད་གཏོང་རྒྱུ་མ་ཟད། བོད་ཀྱི་གསར་དུ་སྐྲུན་པའི་གློག་སྒྱུར་ས་ཚིགས་6དང་སྦྲེལ་མཐུད་ཀྱང་བྱ་རྒྱུ་རེད། སྐབས་དེ་དུས་ཁྲོན་བོད་དྲ་སྦྲེལ་ལས་གྲྭས་བོད་ཀྱི་དབུས་རྒྱུད་ས་ཁུལ་གྱི་དགུན་དུས་སུ་གློག་དཀོན་པའི་གནད་དོན་ཞི་ལྷོད་དང་འབྱུང་འགྱུར་དབྱར་དུས་གློག་ཕྱིར་གཏོང་གི་འགག་རྩའི་ནུས་པ་འདོན་སྤེལ་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།