དབུ་ཤོག>གསར་འགྱུར།
  • ཤང་དབྱང་བུ་ཕྲུག་གིས་འཕྱོངས་རྒྱས་ལ་བཅངས་པའི་གཅེས་སེམས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-08-13

    ཏང་གི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ནས་འཕྱོངས་རྒྱས་ཀྱི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཤིང་། 2016ལོའི་ཟླ་བདུན་པར་ཁོང་ཚོས་དམིགས་ཡུལ་དེ་འདྲ་ཞིག་གི་ཆེད་མཛེས་ཤིང་འབྱོར་ཕྱུག་ལྡན་པའི་ཅང་ཧན་ཐང་གཤོངས་ནས་བོད་ཀྱི་བཙན་པོའི་བང་སོ་གནས་ཡུལ་ཐུ་བྷོད་ཀྱི་གནའ་གྲོང་འཕྱོངས་རྒྱས་སུ་ཡོང་བ་རེད།

    ལོ་གཉིས་ཙམ་རིང་། ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པས“དམངས་ཆེད་བོད་སྐྱོར”གྱི་འདུ་ཤེས་ཟབ་ཏུ་བཏང་ནས་རོགས་སྐྱོར་བྱེད་ཡུལ་འཕྱོངས་རྒྱས་ཕ་ཡུལ་དུ་བརྩི་བ་དང་། འཕྱོངས་རྒྱས་མི་དམངས་གཉེན་ཉེར་བརྩིས་ཏེ་དུས་དང་རྣམ་པ་ཀུན་ཏུ་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་བདེ་སྡུག་སེམས་སུ་འཇོག་པ་དང་། མི་དམངས་མང་ཚོགས་ཀྱི་དཀའ་ངལ་ཐག་གཅོད་བྱ་ཆེད་གང་སར་སྐྱོད་པ། བོད་སྐྱོར་གྱི་ལེགས་ཆ་འདོན་སྤེལ་ཏན་ཏིག བོད་སྐྱོར་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་ཐག་གཅོད་ནུས་ལྡན་བཅས་བྱས་ཏེ་རང་ཉིད་ཀྱི་བྱ་སྤྱོད་ངོ་མའི་ཐོག་ནས་འཕྱོངས་རྒྱས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ཡོད།

    “འཕེལ་རྒྱས་གཏོང་རྒྱུ་ནི་འཕྱོངས་རྒྱས་ཀྱི་གནད་དོན་་མཐའ་དག་ཐག་གཅོད་བྱེད་པའི་འགག་རྩ་ཞིག་དང་། ང་ཚོ་ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པའི་ལྟེ་བའི་ལས་འགན་ཞིག ང་ཚོའི་འདོར་ཐབས་མེད་པའི་འགན་འཁྲི་ཞིག་བཅས་ཡིན”ཞེས་ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པའི་རུ་སྣེ་འཁྲིད་མཁན་འཕྱོངས་རྒྱས་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཁྲེང་པོ་རུའུ་ཡིས་བརྗོད།

    ད་ཆ། བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པས“གནད་སྨིན་བོད་སྐྱོར་ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་ལ་རོགས་སྐྱོར་བྱེད་པའི”བསམ་ཕྱོགས་ཀྱི་བླང་བྱ་ལག་བསྟར་ནན་ཏན་དང་། རྫོང་ཨུད་དང་རྫོང་སྲིད་གཞུང་གི“གསུམ་དྲུག་གཅིག”གི་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་ཟུང་འབྲེལ། “ཡུལ་སྐོར་+གནད་སྨིན་བོད་སྐྱོར”གྱི་བརྗོད་དོན་གཙོ་བོ་ཁ་གསལ་བཟོ་བ། བོད་སྐྱོར་ལས་དོན་དེ་གཞི་རིམ་ལ་ཕྱོགས་པ་དང་གནད་སྨིན་དབུལ་སྐྱོར་ལ་ཕྱོགས་རྒྱུ་མཐའ་འཁྱོངས། འཕྲལ་ཕུགས་ཟུང་འབྲེལ་ལ་མཐོང་ཆེན། “གཞན་བརྟེན”དང་“རང་བརྟེན”ཟུང་འབྲེལ། མཁྲེགས་ཆས་དང་མཉེན་ཆས་ཟུང་འབྲེལ། འདུ་ཤེས་བོད་སྐྱོར་དང་། རྣམ་གྲངས་བོད་སྐྱོར། ཤེས་ལྡན་པའི་བོད་སྐྱོར། སྤྱི་ཚོགས་བོད་སྐྱོར་བཅས་ཀྱི་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ་ཕྱོགས་མང་དང་། རིམ་པ་མང་བ། ཁྱབ་ཁོངས་རྒྱ་ཆེ་བ་བཅས་ཀྱི་ཕྱོགས་བསྡུས་རྣམ་པའི་ཁ་གཏད་བོད་སྐྱོར་གྱི་མ་ལག་བསྐྲུན་ཡོད།

    བོད་དུ་སླེབས་པ་ནས་བཟུང་། བོད་སྐྱོར་ལས་དོན་རུ་ཁག་དེས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཟུང་འབྲེལ་བྱས་ནས་བོད་སྐྱོར་ལས་དོན་རུ་ཁག་གི་སྤྱི་ཡོངས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པའི་ལས་ཀའི་ཉམས་མྱོང་ཕྱོགས་ཡོངས་ནས་ཕྱོགས་སྡོམ། བོད་ཀྱི་ལོ་རྒྱུས་དང་མི་རིགས་ཆོས་ལུགས་ཀྱི་སྲིད་ཇུས་སློབ་སྦྱོང་ནན་ཏན། བོད་རིགས་དང་མི་རིགས་གཞན་དག་གི་ལས་བྱེད་པ་དང་མང་ཚོགས་ལ་སེམས་ཆུང་ངང་སློབ་སྦྱོང་། བོད་འདི་ཉིད་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་མདུན་མར་གནས་པའི་དོན་དངོས་ལ་དམིགས་ནས་མི་ཚང་མ་སྒྲིག་འཛུགས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ནན་ཏན། བོད་སྐྱོར་ལས་དོན་གྱི་ཕུགས་ཀྱི་འཐབ་ཇུས་ཀྱི་དོན་སྙིང་ལ་མྱོང་ཚོར་གཏིང་ཟབ་ཐུབ་པ་བཅས་བྱས་ནས། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་བཏང་བ་རེད།

    བོད་སྐྱོར་ལས་དོན་རུ་ཁག་དེས་ཐོག་མཐའ་བར་གསུམ་དུ་འཕྱོངས་རྒྱས་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་ནས་ཤང་དབྱང་གྲོང་ཁྱེར་བོད་སྐྱོར་གཞུང་ལས་ཁང་དང་ལྷོ་ཁ་གྲོང་ཁྱེར་རོགས་སྐྱོར་དང་ལེན་གཞུང་ལས་ཁང་དབར་“ལོ་ལྔ་ཚན་བཅུ་གསུམ་པའི”རྣམ་གྲངས་སྦྲེལ་མཐུད་ཧུར་ཐག་བྱས་པར་མ་དངུལ་སྒོར་དུང་ཕྱུར་1.1གཏོང་རྒྱུའི་འཆར་གཞི་ཡོད་པ་དང་། ལོ་གསུམ་ནང་བོད་སྐྱོར་མ་དངུལ་སྒོར་ཁྲི་7625གཏོང་རྒྱུའི་གཏན་འཁེལ་བྱས་པ་ལས་བོད་སྐྱོར་རྣམ་གྲངས་95%ཡན་ལེགས་གྲུབ་བྱུང་བ་དང་མ་དངུལ་གཞི་རིམ་ལ་ཕྱོགས་པ་དང་གནད་སྨིན་དབུལ་སྐྱོར་ལ་གཟིགས་སྐྱོང་ཐུབ་ཡོད། ལྷ་ས་དང་ལྷོ་ཁ་གཞི་གཅིག་ཅན་གྱི་འཕེལ་རྒྱས་འཆར་འགོད་ཁྲོད་རང་སྐྱོང་ལྗོངས་དང་གྲོང་ཁྱེར་ནས་འཕྱོངས་རྒྱས་ལ་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱེད་པའི་བརྩོན་ལེན་ཧུར་ཐག་བྱས་ཏེ་འཕྱོངས་རྒྱས་འདི་ཉིད་ལྷ་ས་དང་ལྷོ་ཁ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ནང་མཉམ་འདྲེས་ཐུབ་རྒྱུར་སྲིད་ཇུས་ཀྱི་འགན་ལེན་བྱས་ཡོད།

    མིག་སྔར། 2016ལོ་དང་2017ལོའི“སྲིད་གཞུང་གི་ཁ་གསབ་དང་། བོད་སྐྱོར་རོགས་སྐྱོབ། སློབ་གསོའི་ཐེབས་རྩ། མང་ཚོགས་ཀྱི་རང་གྲབས”བཅས་བཞི་ཆ་གཅིག་ཁྲོད་ཀྱི་སློབ་གསོའི་བོད་སྐྱོར་རོགས་སྐྱོབ་མ་དངུལ་སྦྲེལ་མཐུད་བྱས་ནས་དུད་ཚང་དབུལ་པོའི་སློབ་ཆེན་སློབ་མའི་བདལ་གླ་དང་འཚོ་བའི་གྲོན་དངུལ་གྱི་ཁ་གསབ་སྤྲད་པ་དང་། ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་ཆེན་སློབ་མ་156ལ་སློབ་སྐྱོར་མ་དངུལ་སྒོར་ཁྲི་30ལྷག་ཙམ་དོན་འཁྱོལ་བྱས་པས། ཞིང་འབྲོག་པ་དབུལ་པོའི་བུ་ཕྲུག་སློབ་གྲྭ་ཆེ་མོ་འགྲིམ་པའི“མཐའ་མའི་འགག་གནད”ལས་སྒྲོལ་ཐུབ་པ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།