དབུ་ཤོག>གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱིས་འདི་ལོའི་ལོ་མཇུག་ཏུ“ཁུལ་གཉིས”དབྱེ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-08-11

    ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་གྱིས་འཚོགས་པའི་གྲོང་ཁྱེར་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་ནུས་པའི་ཁུལ་དང་ཞིང་ལས་ཐོན་ཟོག་གལ་ཆེན་ཐོན་སྐྱེད་སྲུང་སྐྱོང་ཁུལ་དབྱེ་བའི་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལྷ་ས་གྲོང་ཁྱེར་གྱིས་འདི་ལོའི་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི“ཁུལ་གཉིས”དབྱེ་བའི་ལས་འགན་དང་ས་བཀྲ་བྲིས་ནས་མཛོད་མཇུག་སོགས་ཀྱི་ལས་དོན་ལེགས་སྒྲུབ་བྱ་རྩིས་ཡོད་པ་རེད། དེའི་ནང་ནས་ཀྱི་ཐོན་སྐྱེད་ནུས་པའི་ཁུལ་མུའུ་ཁྲི་35དང་ཞིང་ལས་ཐོན་ཟོག་གལ་ཆེན་གྱི་ཐོན་སྐྱེད་སྲུང་སྐྱོང་ཁུལ་མུའུ་ཁྲི་5ཟིན་ཞིང་། “ཁུལ་གཉིས”དབྱེ་བའི་རྒྱ་ཁྱོན་གྱིས་གཞི་རྩའི་གཏན་འཇགས་ས་ཞིང་རྒྱ་ཁྱོན་གྱི་65%བཟུང་རྒྱུ་དང་ད་ཡོད་རྨོ་ཞིང་རྒྱ་ཁྱོན་གྱི་55%བཟུང་རྒྱུ་ཡིན་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་གསལ། ལྷ་ས་གྲོང་ཁྱེར་གྱི“ཁུལ་གཉིས”དབྱེ་བའི་ལས་དོན་འདི་ལོའི་ཟླ་3པ་ནས་6པའི་བར་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པའི་ནང་སྟག་རྩེ་ཆུས་སུ་ལོ་སྟོད་ནས་འབྲུ་རིགས་ཐོན་སྐྱེད་ནུས་པའི་ཁུལ་མུའུ་ཁྲི་5དབྱེ་བའི་ལས་འགན་ལེགས་གྲུབ་རགས་ཙམ་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།