དབུ་ཤོག>གསར་འགྱུར།
  • ལྷོ་ཨ་མེ་རི་ཁ་གླིང་གི་རྔ་མོང་ལུག་མགོ་མ་གསུམ་མཚོ་བོད་ས་མཐོར་གྲུབ་འབྲས་ཐོབ་པའི་ངང་གསོ་སྤེལ་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2018-08-06

    གསར་འགོད་པས་མཚོ་བོད་ས་མཐོའི་བདག་ཏུ་མི་བཟུང་བའི་སྲོག་ཆགས་གླིང་ནས་ཤེས་རྟོགས་བྱས་པར། སྲོག་ཆགས་གླིང་དེའི་ནང་ཉེ་དུས་ལྷོ་ཨ་མེ་རི་ཁ་གླིང་གི་རྔ་མོང་ལུག་མགོ་མ་གསུམ་གྲུབ་འབྲས་ཐོབ་པའི་ངང་གསོ་ཐུབ་པ་བྱུང་ཞིང་། རྔ་མོང་ལུག་མགོ་མ་དེ་གསུམ་ཕོ་ཡིན་པ་དང་མིག་སྔར་ཡག་པོ་གསོ་ཐུབ་ཡོད།

    ཧྭ་ཁཱ་གཡོད་ཀྱི་རྔ་མོང་ལུག་མགོ་མ་ནི་འཛམ་གླིང་ཐོག་གི་རྔ་མོང་ལུག་མགོ་མའི་རིགས་གཙོ་བོ་ཞིག་ཡིན་པ་དང་། དེས་རྔ་མོང་ལུག་མགོ་མའི་གྲངས་འབོར་གྱི་90%ཡན་བཟུང་ཡོད། འདི་ཉིད་གཙོ་བོ་ལྷོ་ཨ་མེ་རི་ཁ་གླིང་གི་ཕེ་རུ་དང་ཆི་ལིའི་ས་མཐོའི་ཁུལ་དུ་ཡོད་པ་རེད། རྔ་མོང་ལུག་མགོ་མ་གཤིས་ཀ་འཇམ་པོ་ཡོད་པ་དང་ལུག་འདྲ་ལ་རྔ་མོང་ཡང་འདྲ་པོ་ཡོད། དེའི་ཁར་སྤུ་སོབ་སོབ་ཀྱི་ཕྱི་གཟུགས་དང་ངོ་གདོང་སྙིང་རྗེ་པོ་ཡོད་པས་རྒྱལ་ཁབ་ཕྱི་ནང་གི་མི་ཚང་མས་དགའ་པོ་བྱེད་ཀྱི་ཡོད།

    ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། རྔ་མོང་ལུག་མགོ་མ་ཆུང་ཆུང་གསུམ་པོ་དེ་དག་2018ལོའི་ཟླ་6ཚེས་19ཉིན་དང་། ཚེས་24 ཚེས་28བཅས་སུ་སྐྱེས་པ་དང་ད་ཆ་འོ་མ་སྟེར་ནས་གསོ་བཞིན་ཡོད། རྔ་མོང་ལུག་མགོ་མའི་ཨ་མས་འོ་མ་སྟེར་བའི་མཚམས་སུ་སྲོག་ཆགས་གླིང་གིས་རྩྭ་སོས་པ་སྟེར་བ་ཕུད། ད་དུང་འཚོ་བཅུད་ཀའེ་སོགས་དང་ཀུ་ཤུ། གུང་ལ་ཕུག་སོགས་སྟེར་གྱི་ཡོད་པ་རེད།

    མཚོ་བོད་ས་མཐོའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་གླིང་གི་ཡོན་ཀྲང་གཞོན་པ་ཆི་ཤིན་ཀྲང་གིས་མཚོ་བོད་ས་མཐོའི་གནམ་གཤིས་དེ་ལྷོ་ཨ་མེ་རི་ཁ་གླིང་གི་ཨན་ཏི་སི་རི་རྒྱུད་ཀྱི་གནམ་གཤིས་དང་འདྲ་པོ་ཡོད་པས་རྔ་མོང་ལུག་མགོ་མ་ཆུང་ཆུང་གྲུབ་འབྲས་ཐོབ་པའི་སྒོ་ནས་གསོ་ཐུབ་པ་བྱུང་བ་དེས་ལྷོ་ཨ་མེ་རི་ཁ་གླིང་གི་སྲོག་ཆགས་མཚོ་བོད་ས་མཐོར་འཚོ་བའི་ཆོས་ཉིད་དང་གོམས་གཤིས་ལ་ཞིབ་འཇུག་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་མཚོ་བོད་ས་མཐོའི་བདག་ཏུ་མི་བཟུང་བའི་སྲོག་ཆགས་གླིང་དུ་ལྷོ་ཨ་མེ་རི་ཁའི་གླིང་གི་སྲོག་ཆགས་ལུག་མགོ་རྔ་མོང་དང་སྤྲེའུ་སོགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།