དབུ་ཤོག>གསར་འགྱུར།
  • ཚེ་རིང་དཔལ་འཛོམས་ཀྱི་འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་སོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-08-03

    538271_yis_1533185010420_s.jpg

    འདི་ནི་རྒན་མོ་ཚེ་རིང་དཔལ་འཛོམས(མདུན་གྲལ་གྱི་གཡས་ངོས)དང་ནང་མི་ཚོ་ཡིན་པ།

    ཚེ་རིང་དཔལ་འཛོམས་ལོ་16ལ་སླེབས་སྐབས་སྤུ་ཧྲེང་རྫོང་སྟོད་ཡོད་གྲོང་ཚོར་མནའ་མར་ཕྱིན་པ་དང་མནའ་མར་མ་ཕྱིན་གོང་བཟའ་ཟླ་དང་གཏན་ནས་ཐུག་མྱོང་མེད། སྐབས་དེ་དུས་ཁྱིམ་ཚང་ཤིན་ཏུ་དབུལ་བས་མངའ་བདག་ཆེན་པོའི་ས་ནས་ས་ཞིང་མུའུ་2གཡར་ཏེ་འབྲུ་རིགས་བཏབ། བོགས་མ་འཇལ་རྗེས་ལྷག་པའི་འབྲུ་རིགས་ཀྱིས་ནང་མི་བདུན་པོར་འདང་གི་མེད་སྟབས་ལྟོ་སློང་བར་འགྲོ་དགོས་ཀྱི་ཡོད།

    ཚེ་རིང་དཔལ་འཛོམས་ཀྱི་བཟའ་ཟླའི་ཁྱིམ་ཚང་ཆ་རྐྱེན་ཁོང་ཁྱིམ་ལས་ཡག་ཙམ་ཡོད་དེ། ནང་མི་8ལ་ས་ཞིང་མུའུ་3དང་། ཁང་མིག་ཆུང་ཆུང་3 གླང་1བཅས་ཡོད། ཁོང་ཁྱིམ་གྱིས་བོགས་མ་འཇལ་རྗེས་སྔར་བཞིན་འབྲུ་རིགས་དཀོན་པོ་ཡོད། ཚེ་རིང་དཔལ་འཛོམས་མནའ་མར་བསུ་བའི་འབྲུ་རིགས་ཀྱང་གཞན་གྱི་ས་ནས་གཡར་བ་ཞིག་རེད།

    1959ལོར་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཁྱིམ་གྱི་འཚོ་བ་ཇེ་ལེགས་སུ་སོང་ནས་ད་ཆ་འཚོ་བ་ཡག་པོ་སྐྱེལ་རྒྱུ་བྱུང་ཡོད། 2016ལོར་ཁོང་གི་བུས་སྒོར་ཁྲི་58བཏང་ནས་ཁང་པ་གསར་པ་བརྒྱབ་པ་དང་དེའི་ཁྲོད་ཀྱི་སྒོར་ཁྲི་50ནི་རང་ཉིད་ཀྱིས་བསགས་པ་དང་སྒོར་ཁྲི་8དངུལ་ཁང་ནས་གཡར་ཡོད། བུས་གལ་ཏེ་མཉམ་ལས་ཁང་གི་བགོ་འགྲེམས་དུས་ཆད་ལྟར་བརྒྱབ་ན་དངུལ་ཁང་ནས་སྒོར་ཁྲི་8གཡར་དགོས་དོན་མེད། ད་ཆ་ཁྱིམ་དུ་རླངས་འཁོར་གཉིས་ཡོད་པ་ལས་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་དེ་བཏང་ནས་ཡུལ་སྐོར་ལས་རིགས་ནང་ཞུགས་ཡོད། སྤུ་ཧྲེང་རྫོང་ནི་ཡུལ་སྐོར་རྫོང་ཆེན་ཞིག་ཡིན་པས་ཚོང་མེད་པའི་སེམས་ཁྲལ་མི་འདུག དེས་མ་ཚད་ལྕགས་གཞོང་རླངས་འཁོར་གཅིག་ཉོས་ཡོད་པ་དེ་གྲོང་ཚོའི་ལས་གྲྭའི་མཉམ་ལས་ཁང་གི་མ་རྐང་ལ་ཞུགས་པ་དང་ཡོང་འབབ་ཀྱང་ལོ་རེ་བཞིན་མང་དུ་འགྲོ་གི་འདུག སྔོན་དཔག་བྱས་ན་འདི་ལོ་ཡོང་འབབ་སྒོར་ཁྲི་15ཙམ་ཟིན་རྒྱུ་རེད་ཅེས་བཤད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།