དབུ་ཤོག>གསར་འགྱུར།
  • བོད་སྐྱོར་སྨན་པ་ཝུའུ་ཡོན་གྱིས་དཀར་གཙང་ཁ་བཏགས་ཀྱིས་ལྷད་མེད་བརྩེ་སེམས་མཚོན་ཞེས་བརྗོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-08-03

    “བརྒྱད་གཅིག”དམག་བཙུགས་དུས་ཆེན་ལ་རྟེན་འབྲེལ་ཞུ་ཆེད་ཉིན་ཤས་གོང་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་དམག་དམངས་ཀྱིས་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་པ།

    བོད་སྐྱོར་གྱི་ལོ་སྟོད་ཀྱི་ལས་སྒྲུབ་ཉིན་མོ་མཇུག་ཤོས་དེར་ཡང་ང་ལ་དྲག་སྐྱེད་བྱུང་བའི་ནད་པས་ཁ་བཏགས་གཡོགས་བྱུང་། ནད་པ་དེས་རྒྱ་སྐད་ཤོད་མི་ཤེས་ནའང་བོད་སྐད་ནས་ངའི་ལས་རོགས་བརྒྱུད་ང་ཚོར་ཐུགས་རྗེ་ཆེ་ཞུས། ང་ལ་སེམས་འགུལ་ཐེབས་པ་དང་དུས་མཚུངས་ཡིད་ལ་ས་མཐོའི་ཡུལ་དུ་སྨན་བཅོས་ཧུར་ཐག་བྱེད་དགོས་པའི་ནད་པ་དེ་འདྲ་མང་པོ་ཡོད་པ་རེད་བསམ་བྱུང་།

    སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྲིད་བཟང་ལས་ང་ལོ་ཕྱེད་གོང་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་བོད་སྐྱོར་ལས་ཀ་བྱེད་པར་ཡོང་བ་ཡིན།

    བོད་དུ་ལས་ཀ་བྱས་པའི་ལོ་ཕྱེད་རིང་། ང་ལ་བག་ཆགས་ཟབ་ཤོས་ནི“སྨན་པ་དང་སྨན་རྫས་དཀོན་པའི”དཀའ་ངལ་དེ་རེད། འདི་གའི་སྨན་བཅོས་སྒྲིག་ཆས་དཀོན་པ་དང་ཐ་ན་རྒྱུན་སྤྱོད་ཀྱི་བརྟག་དཔྱད་དང་སྨན་བཅོས་སྒྲིག་ཆས་ཀྱང་དཀོན་པར་བརྟེན་ལས་ཀ་མང་པོ་སྒྲུབ་ཐབས་མི་འདུག

    དེར་དམིགས་ནས་ངས་སྨན་ཁང་ལ་སྒྲིག་ཆས་བཀོད་སྒྲིག་བྱ་རྒྱུའི་རེ་འདུན་ཞུས་པ་དང་སྦྲགས། རང་རྐྱ་འཕེར་བའི་ངང་ལས་སྒྲུབ་དང་སྒྲིག་ཆས་ཁོ་ནར་མི་བརྟེན་པའི་སྨན་བཅོས་ལས་དོན་ཁག་གཅིག་ཀྱང་བསྒྲུབས་པ་ཡིན། མིག་སྔར་ང་ཚོས་སྐྱ་གྲིབ་དང་། སྔོ་གྲིབ། མིག་སྐྱིའི་ནད། མིག་གི་དབྱིབས་བཅོས། མིག་ཕྱིའི་རྨས་སྐྱོན། མིག་སྐྲན་སོགས་ཀྱི་ནད་སྨན་བཅོས་བདེ་བླག་ངང་བྱས་པ་མ་ཟད། ལག་རྩལ་གསར་པ་བཅུ་ལྷག་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་ཐོག་མར་བེད་སྤྱོད་བཏང་བས“ནད་གཞི་ཆེ་གྲས་བོད་དུ་བཅོས་ཐུབ”ཡོད།

    ནམ་ཡང་གནས་པའི་སྨན་བཅོས་དཔུང་ཁག་ཅིག་གསོ་སྐྱོང་བྱ་ཆེད། ངས་གཟའ་འཁོར་རེར་སྨན་བཅོས་ཐེངས་གཉིས་ལ་ཞུགས་ཏེ་ཡུལ་འདིའི་སྨན་པ་གསོ་སྐྱོང་བྱས་པ་ཡིན། སྨན་བཅོས་བྱེད་རིང་ངས་རྗེས་འབྲངས་སྨན་པར་གསོ་བཅོས་ཀྱི་ཇུས་གཞི་དང་འདུ་ཤེས་ཡང་དག་དམར་ཁྲིད་བྱས་ནས་ཁོ་ཚོའི་སྨན་བཅོས་ཀྱི་བསམ་གཞིག་གཏོང་སྟངས་ལེགས་སུ་གཏོང་ཐབས་བྱས་པ་ཡིན། ལས་ཀ་སྒྲུབ་རིང་། ངས་ལས་ཀའི་རྣམ་འགྱུར་ཞིབ་ཚགས་ལ་བརྟེན་ནས་སྨན་བཅོས་ཀྱི་བདེ་འཇགས་འགན་ལེན་བྱེད་གང་ཐུབ་བྱས་པ་ཡིན།

    ང་ཚོའི་སྨན་ཁང་གི་ནད་པ་ནི་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་ནས་ཡིན་པ་དང་། མ་གཞི་ནང་སར་འགྲོ་དགོས་པའི་ནད་པ་མང་པོ་ང་ཚོའི་ཚན་ཁག་ཏུ་ནད་བལྟ་བར་ཡོང་བཞིན་འདུག ངས་ཐེངས་མང་པོར་ཚན་ཁག་གི་ལས་རོགས་ལ་བླང་བྱ་ནན་པོ་བཏོན་པ་ཡིན། གནས་ལུགས་གང་རུང་ལ་ཁ་གཡར་ནས་ང་ཚོས་སྨན་བཅོས་ཐུབ་པའི་ནད་པ་ཡུལ་གཞན་དུ་གཏོང་མི་རུང་། ནད་པས་དཀའ་ངལ་མང་པོ་ཁྱད་དུ་བསད་ནས་ལྷ་སར་སྨན་བཅོས་ལ་ཡོང་བ་ལས་སླ་པོ་ཞིག་གཏན་ནས་མིན་པས། ང་ཚོས་ནུས་པ་ཡོད་ཚད་བཏོན་ནས་རོགས་རམ་བྱེད་དགོས་པའི་རེ་བ་འདོན་གྱི་ཡོད། སྨན་བཅོས་ལས་དོན་ཁག་བདེ་བླག་ངང་བསྒྲུབས་པ་དང་བསྟུན་ང་ཚོའི་བོད་སྐྱོར་སྨན་བཅོས་རུ་ཁག་ལ་ནད་པས་སེམས་པ་མཚོན་བྱེད་དུ་གོས་དར་དང་ཁ་བཏགས་སོགས་མང་པོ་ཕུལ་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།