དབུ་ཤོག>གསར་འགྱུར།
  • སེམས་ནུས་ཡོད་རྒུས་བྱིས་པའི་བདེ་ཐང་སྲུང་བའི་ལས་ལ་གཞོལ་རྒྱུ་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-08-01

    2017ལོའི་ཟླ་7ཚེས་17ཉིན། ང་ཧྲའན་ཤིས་ཞིང་ཆེན་གྱི་ཁག་གསུམ་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་ནང་ཞུགས་ནས་མངའ་རིས་སུ་བོད་སྐྱོར་ལས་དོན་གཞོལ་འགོ་ཚུགས། མངའ་རིས་སུ་འབྱོར་ནས་ཡུན་རིང་མ་སོང་བར་ང་ལ་ཛ་དྲག་གི་གནས་ཚུལ་ཞིག་འཕྲད་པ་སྟེ། ང་ཚོའི་སྡེ་ཁག་གི་སྐྱེས་མ་ཐག་པའི་ཕྲུ་གུ་དམར་འབྱར་ཞིག་ལ་མྱུར་སྐྱོབ་བྱེད་དགོས་པས། འཕྲལ་མར་སྨན་ཁང་དུ་བསྐྱོད་དེ་མྱུར་སྐྱོབ་བྱེད་སྐབས་མངའ་རིས་ས་ཁུལ་གྱི་མི་དམངས་སྨན་ཁང་ཡིན་པ་རྦད་དེ་བརྗེད་ནས“མགྱོགས་པོ་དབུགས་བླུགས་བྱེད་ཀྱི་འཕྲུལ་འཁོར་གྲ་སྒྲིག་གྱིས། འཕྲུལ་འཁོར་མགྱོགས་པོ་ཁ་ཕྱེ་ཤིག ”ཅེས་ཤོད་སྐབས“རྒན་ལགས། ང་ཚོར་མེད”ཅེས་རྒྱབ་ཏུ་ཡོད་པའི་ནད་གཡོག་སྨན་པས་དེ་ལྟར་ཤོད་སྐབས་ང་སྐབས་ཤིག་རིང་ཧོན་ཐོར་ནས་དབུགས་བླུགས་བྱེད་ཀྱི་འཕྲུལ་འཁོར་མེད་ན། ཕྲུ་གུ་དབུགས་ཆད་ན་ཅི་བྱེད་དམ། ནད་གཡོག་གིས་ང་ལ“ང་ཚོས་དབུགས་འཐེན་བྱེད་ཀྱི་ཡོ་ཆས་སྟབས་བདེ་སྤྱད་ན་འགྲིག”ཅེས་བཤད་བྱུང་།

    ཚེ་སྲོག་སྐྱོབ་རྒྱུ་ནི་དོར་ཐབས་མེད་པའི་ལས་འགན་ཞིག་ཡིན་པས། ངའི་སེམས་ལ་འགན་འཁྲི་ལྕི་པོ་ཡོད་པ་ཚོར་བྱུང་། ས་གནས་མང་ཚོགས་དང་གོ་བརྡ་འཕྲོད་ཆེད། ངས་སྟབས་བདེའི་བོད་སྐད་སྦྱངས་པ་ཡིན། ལས་ཀའི་ནང་ང་ལ་གཏན་འཁེལ་གྱི་ངལ་གསོ་དང་ལས་ཐག་གཅོད་པའི་དུས་ཚོད་མེད་ལ། མཚན་ལས་བྱེད་དགོས་པའི་ཁ་པར་ཡང་ག་ཚོད་འབྱོར་མིན་གྲངས་ཀ་ཐེབས་དཀའ།

    བོད་དུ་འབྱོར་ནས་ཡུན་རིང་མ་སོང་བར་ངས་ཁོའོ་ཧྲེ་འཕེལ་རྒྱས་ལ་སྣང་ཆེན་གྱིས་རྒྱུན་གཏན་རང་བཞིན་གྱིས་ནད་པར་སྨན་བཅོས་དང་། ནད་ཐོ་བཤེར་བ། བརྟག་དཔྱད་བྱེད་པ་སོགས་ཀྱི་གོ་རིམ་ཁག་རྒྱུན་ཆད་མེད་པར་ཚད་ལྡན་དུ་བཏང་ཡོད། བརྟག་ཞིབ་དང་དཔྱད་ཡིག་ཐེངས་མང་བཀླགས་རྗེས《ཤིས་ཨན་གྲོང་ཁྱེར་གྱི་བྱིས་པའི་སྨན་ཁང་དང་སྨན་ཁང་ཚན་ཁག་འགན་གཙང་གི་ལོ་འཁོར་འཆར་གཞིའི་ལས་འགན་ཡི་གེ》དང《བྱིས་པའི་ཚན་ཁག(ཕྲུ་གུ་དམར་འབྱར་གྱི་ཚན་ཁག)གི་མི་ཤུགས་ཐོན་ཁུངས་འཕེལ་རྒྱས་ཀྱི་འཆར་འགོད་གྲོས་འགོའི》སྐོར་གྱི་དཔྱད་རྩོམ་བྲིས་པ་དང་འབྲེལ། “གཅིག་གཏད་གསུམ་དང་དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པའི”འཆར་གཞི་ལག་བསྟར་བྱས་ཏེ་བྱིས་པའི་སྡེ་ཁག་གི་ཤེས་ལྡན་པ་འཚར་ལོངས་ཐད་ནུས་ཤུགས་ཡོད་རྒུ་བཏོན་ཡོད།

    བོད་སྐྱོར་ནི་མཐའ་ཚུགས་ཤིག་མིན་པར། ངའི་ལས་གཉེར་གྱི་འགོ་འཛུགས་ས་གསར་པ་ཞིག་ཡིན། བོད་སྐྱོར་ལས་དོན་ཁྲོད་ངས་སྨན་པའི་ལས་རིགས་དེར་ཤེས་རྟོགས་དང་ཚེ་སྲོག་ལ་གུས་སྐྲག་བྱེད་ཤུགས་དེ་བས་ཆེ་རུ་ཕྱིན་སོང་། རང་ཉིད་གང་དུ་གནས་ཀྱང་ངས་བྱིས་པའི་བདེ་ཐང་ཆེད་འབད་འཐབ་བྱ་རྒྱུའི་ཆོད་སེམས་དོར་མི་སྲིད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།