དབུ་ཤོག>གསར་འགྱུར།
  • ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་དང་ཧྲའོ་ཤིང་གྲོང་ཁྱེར་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་ཚོགས་ཆུང་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-31

    དུས་ཡུན་རིང་པོར་བོད་སྐྱོར་ལས་ལ་གཞོལ། བརྩེ་སེམས་དྲོན་མོ་བོད་ལྗོངས་ས་གཞིར་ཕུལ། 2016ལོའི་ཟླ་7པར་འབྲི་རུ་རྫོང་དུ་བཅའ་སྡོད་ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་དང་ཧྲའོ་ཤིང་གྲོང་ཁྱེར་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་མུ་མཐུད་བོད་སྐྱོར་ལས་དོན་སྤེལ་ཏེ་རོགས་སྐྱོར་བྱེད་སྟངས་གསར་གཏོད་བྱེད་པ་དང་། རོགས་སྐྱོར་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། མི་དམངས་ཀྱི་གནས་ཚུལ་སྤེལ་རེས་དང་མི་དམངས་དབར་སེམས་པ་མཉམ་འདྲེས་བྱ་རྒྱུར་དམ་འཛིན་བྱས་ཏེ་མངགས་གཏོང་རྣམ་པ་དང་། ཆ་སྒྲིག་རྣམ་པ། གདན་དྲངས་པ་དང་ཕྱིར་སྐྱོད་པ་བཅས་ཀྱི“བྱེད་སྟངས་བཞིར”དམིགས་ནས་ཏང་སྲིད་དང་། ཁེ་ལས། སློབ་གསོ། འཕྲོད་བསྟེན། ཞིང་འབྲོག་སོགས་ཐད་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་བྱས་ཏེ་རོགས་སྐྱོར་བྱ་ཡུལ་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་གི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་རོགས་བྱས་པ་དང་། འབྲི་རུ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ཤེས་ལྡན་མི་སྣའི་རིག་སྟོབས་ཀྱི་འདེགས་སྐྱོར་ནུས་ལྡན་བྱས་ཁར། དམངས་འཚོའི་རྣམ་གྲངས་ཁག་གཅིག་དོན་འཁྱོལ་བྱས་པ་དང་། ཐོན་ལས་ཁག་གཅིག་འཕེལ་རྒྱས་བཏང་ཞིང་། ལས་བྱེད་པའི་ཤེས་ལྡན་པ་ཁག་གཅིག་གསོ་སྐྱོང་བྱས་ཏེ། བོད་སྐྱོར་གྱི་བྱས་རྗེས་རབ་དང་རིམ་པ་བཞག་པ་རེད།

    གནད་སྨིན་རོགས་སྐྱོར་བྱས་ནས་གཅིག་ཀྱང་མ་ལུས་པར་བྱེད་པ།

    “འབྲི་རུ་རྫོང་གི་གནད་སྨིན་དབུལ་སྐྱོར་དང་དབུལ་ཞྭ་འབུད་རྒྱུར་རོགས་རམ་བྱ་ཆེད། བོད་སྐྱོར་ལས་བྱེད་པ་རེས་ཉུང་མཐར་ཡང་དུད་ཚང་དབུལ་པོ་གཉིས་དང་ཆ་སྒྲིག་བྱེད་དགོས”ཞེས་པ་ནི་ཀྲེ་ཅང་ཞིང་ཆེན་བོད་སྐྱོར་བཀོད་འདོམས་དཔོན་གཞོན་པ་འབྲི་རུ་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཧྲེང་ཡིའུ་ཡིས་2016ལོའི་ཟླ་11པར་འཚོགས་པའི་བོད་སྐྱོར་ལས་དོན་ཚོགས་ཆུང་ཀྲི་པུའི་ཚོགས་འདུ་ཐེངས་དང་པོའི་ཐོག་བཏོན་པ་རེད། དེ་རྗེས་ཉིང་པོ་དང་ཧྲའོ་ཤིང་ནས་ཡོང་བའི་བོད་སྐྱོར་ལས་བྱེད་པ་10ཡིས་མགྱོགས་མྱུར“མི་དམངས་ཀྱི་གནས་ཚུལ་བཅར་འདྲི་བྱེད་པ་དང་། དམངས་འཚོར་ཕན་འདོགས་པ། དམངས་སེམས་གཅིག་སྒྲིལ་བཅས་ཀྱི”བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།

    ལོ་གཉིས་རིང་འབྲི་རུ་རྫོང་དུ་བཅའ་སྡོད་ཀྲེ་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་ཁྱོན་དུད་ཚང་དབུལ་པོ་26དང་ཆ་སྒྲིག་བྱས་ནས་དབུལ་སྐྱོར་འཚམས་འདྲིའི་བྱེད་སྒོ་ཐེངས་50ལྷག་ཙམ་སྤེལ་བ་དང་། དབུལ་སྐྱོར་འཚམས་འདྲིའི་མ་དངུལ་སྒོར་ཁྲི་25ལྷག་ཙམ་སྤྲད་ནས་དབུལ་པོ་110ལ་ཕན་ཐོགས་པ་རེད།

    ཐོན་ལས་དབུལ་སྐྱོར་བྱས་ཏེ་ཡུལ་བབ་དང་བསྟུན་ནས་འཕེལ་རྒྱས་ཀྱི་ནུས་པ་བསྐྱེད་པ།

    2017ལོའི་ཟླ་5པར་ཧྲེང་ཡིའུ་ཡི་འབད་བརྩོན་འོག་འབྲི་རུ་གྲོང་རྡལ་གྱི་དབུལ་སྐྱོར་ཐེབས་རྩ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། དབུལ་སྐྱོར་ཚོང་ཁང་དང་པོ་སྟེ་སྦྱིན་པའི་ཡིག་རྒྱག་བསྐྱར་པར་ཚོང་ཁང་དངོས་སུ་ལས་གཉེར་བྱས་ཤིང་། ལོ་གཉིས་རིང་བོད་བཟོའི་ཁྱིམ་ཆས་ལས་སྣོན་དང་། ལྟོ་སྣོད་གཙང་སེལ་བྱེད་པ་སོགས་ཀྱི་དབུལ་སྐྱོར་རྣམ་གྲངས་ཁག་གཅིག་བསྐྲུན་ནས་ཞིང་འབྲོག་པའི་ལས་གཏོད་མཁན་གྱི་ཕུགས་འདུན་མངོན་འགྱུར་ཐུབ་ཡོད། འབྲི་རུ་གྲོང་རྡལ་རྨོང་ཁྱིམ་གྲོང་ཚོའི་མུ་སྟོད་ཚེས་གསུམ་ཤིང་ཆའི་ཁྱིམ་ཆས་ལས་སྣོན་བཟོ་གྲྭའི་ཁྲིམས་གཏན་འཁེལ་བའི་འཐུས་མི་དཀོན་མཆོག་རྒྱལ་གྱིས་དགའ་ཚོར་ཆེན་པོའི་སྒོ་ནས“བོད་སྐྱོར་ལས་དོན་ཚོགས་ཆུང་གིས་ང་ཚོར་མ་དངུལ་སྒོར་ཁྲི་152བཏང་ནས་གཉེར་སྐྱོང་བྱས་ཚུན་ཐོན་རྫས་རིན་ཐང་སྒོར་ཁྲི་300ལྷག་ཙམ་བྱུང་བ་དང་། རིམ་རྩིས་ལྟར་ན་ཁེ་བཟང་སྒོར་ཁྲི་50ལྷག་ཙམ་བགོ་བཤའ་རྒྱག་རྒྱུ་བྱུང་བ་མ་ཟད། དུད་ཚང་51གི་མི་318ལ་ཡུན་རིང་ལས་ཀ་བརྟན་པོ་བྱུང་ནས་དུད་ཚང་དབུལ་པོ་6གི་མི་38དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་བྱས་ཡོད”ཅེས་བརྗོད།

    དམངས་འཚོའི་དབུལ་སྐྱོར་བྱས་ཏེ་རོགས་སྐྱོར་ཕན་འབྲས་ཆེ་རུ་བཏང་བ།

    སྨན་བཅོས་བོད་སྐྱོར་བྱེད་པའི་ཐད་འབྲི་རུ་རྫོང་དུ་བཅའ་སྡོད་ཀྲེ་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་བོད་སྐྱོར་མ་དངུལ་སྒོར་ཁྲི་6000བཏང་ནས་དེང་རབས་ཅན་གྱི་འབྲི་རུ་རྫོང་གི་མི་དམངས་སྨན་ཁང་གི་ཕྱོགས་བསྡུས་སྒྲིག་སྲོལ་བསྐྲུན་པ་དང་། འབྲི་རུ་རྫོང་གི་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་སྨན་བཅོས་ཁང་བཙུགས་པ་དང་། ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་གྱི“གཅིག་སེམས་གཅིག་སྦྲེལ་གྱིས་འོད་སྣང་སྦྱིན་པའི”སྤྱི་ཕན་བྱ་སྤྱོད་སྤེལ་ནས་ཞིང་འབྲོག་པ་600ལྷག་ཙམ་ལ་མིག་ནད་ཚན་ཁག་གི་འོས་འགན་སྨན་བཅོས་བྱས་པ་དང་། ཞིང་འབྲོག་པ་40ལྷག་ཙམ་ལ་སྐྱ་གྲིབ་གཤགས་བཅོས་བྱས་པ། སྨན་བཅོས་མཁྲེགས་ཆས་སྒྲིག་བཀོད་ཐད་མ་དངུལ་གཏོང་ཤུགས་ཆེ་ཏུ་བཏང་ནས་མ་དངུལ་སྒོར་ཁྲི་300མཐུན་སྦྱོར་བྱས་ཏེ་ཞིང་འབྲོག་པའི་བདེ་ཐང་བརྟག་དཔྱད་རླངས་འཁོར་དང་། Bསྒྲ་རླབས་འཕྲུལ་ཆས། གསུས་ཤེལ། ལྟ་སྲུང་ཡོ་ཆས། འདར་སེལ་དཔྱད་ཆས་སོགས་ཀྱི་སྨན་བཅོས་སྒྲིག་ཆས་ཉོ་སྒྲུབ་བྱས་ཡོད་པ་རེད།

    སློབ་གསོའི་བོད་སྐྱོར་ཐད་བོད་སྐྱོར་མ་དངུལ་སྒོར་ཁྲི་8770བཏང་ནས་དེང་རབས་ཅན་གྱི་བླང་བྱ་གཞིར་བཟུང་སློབ་གྲྭ་3སྐྲུན་རོགས་བྱས་ནས་འབྲི་རུའི་སློབ་གསོར་ཁྲིད་སྟོན་བྱེད་པའི་དཔེ་སྟོན་ཚད་ཤིང་དུ་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།