དབུ་ཤོག>གསར་འགྱུར།
  • དམངས་ཁྲོད་ལྷ་འབྲི་བས་ལྡེབས་རིས་ཀྱི་སྒྱུ་རྩལ་བློ་ཐབས་མཁས་པོས་རྒྱུན་འཛིན་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-30



    ཧྲི་ཅ་ཀྲོང་གི་དམངས་ཁྲོད་ལྷ་འབྲི་བ་ཡའོ་ཧྲུའུ་ལུང་གིས་ལོ་6ལ་སླེབས་སྐབས་པ་ཕ་དང་མཉམ་དུ་ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་དུ་ཡོད་པའི་གཙུག་ཞྭ་དགོན་དུ་ལྟ་སྐོར་བྱེད་པར་ཡོང་བ་ནས་བཟུང་དགོན་པ་དེའི་ལྡེབས་རིས་དང་ལས་འཕྲོ་ཟབ་མོ་ཆགས་ཡོད། 2006ལོར་ཁོང་གིས་གཙུག་ཞྭ་དགོན་པའི་ལྡེབས་རིས་བཤུ་འབྲི་དང་འདྲ་བཟོ་བྱེད་འགོ་ཚུགས་པ་དང་ལོ་10རིང་རི་མོ་འབྲི་རྒྱུར་རྩེ་གཅིག་ཏུ་གཞོལ་བས་སྨི་ངོས་གྲུ་200ལྷག་ཙམ་ཡོད་པའི་གནའ་རབས་ཀྱི་ལྡེབས་རིས་དེ་སྔའི་ཆེ་ཆུང་ལ་གཞིགས་ནས་སླར་ཡང་ཤོག་བུའི་ཐོག་མངོན་ཡོད། ཉེ་བའི་ལོ་གཉིས་ནང་། ཡའོ་ཧྲུའུ་ལུང་གིས་འགྲེམས་སྟོན་དང་སློབ་གྲྭའི་འཆད་ཁྲིད་གཉེར་བ་སོགས་བརྒྱུད་ཀྲུང་གོའི་སྲོལ་རྒྱུན་ལྡེབས་རིས་ཁྱབ་གདལ་བཏང་སྟེ་མི་དེ་བས་མང་བས་ཁྱད་འཕགས་ལྡན་པའི་གནའ་བོའི་སྒྱུ་རྩལ་ལ་ཤེས་རྟོགས་ཐུབ་པ་བྱས་ཤིང་། པར་འདི་གསུམ་ནི་ཡའོ་ཧྲུའུ་ལུང་གིས་ལས་དོན་ཁང་དུ་ལྡེབས་རིས་ཀྱི་ནང་དོན་ལ་གཞིགས་ནས་འབྲི་བའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།