དབུ་ཤོག>གསར་འགྱུར།
  • མཚོ་སྔོན་གྱིས་ཚྭ་མཚོའི་ཐོན་ཁུངས་དང་ཁོར་ཡུག་གི་ཚན་རིག་གྲངས་གཞིའི་མཛོད་བཙུགས་ནས“གྲངས་གཞིའི་ཚྭ་མཚོའི”རྨང་གཞི་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2018-07-23

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཚྭ་འདམ་གཤོང་སའི་ཚྭ་མཚོའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཀྲུང་གོ་ཚན་རིག་ཁང་མཚོ་སྔོན་ཚྭ་མཚོ་ཞིབ་འཇུག་སུའོ་ཡིས་ཚན་རྩལ་པུའུ་དང་ཀྲུང་གོ་ཚན་རིག་ཁང་གི“མི་བརྒྱ་ཡི་འཆར་གཞིའི”རྒྱབ་སྐྱོར་འོག དུས་ཡུན་ལོ་6རིང་ཚྭ་མཚོའི་ཐོན་ཁུངས་དང་ཁོར་ཡུག་གི་ཚན་རིག་རྨང་གཞིའི་གྲངས་གཞི་མཉམ་སྤྱོད་ཀྱི་གྲངས་གཞིའི་མཛོད་བཙུགས་པ་རེད། འབྲེལ་ཡོད་གྲུབ་འབྲས་ལ་ཉེ་ཆར་ཚན་རྩལ་པུས་སྒྲིག་འཛུགས་བྱས་པའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཞིབ་བཤེར་རྩིས་ལེན་ཐུབ་པ་རེད། རིགས་གཅིག་མཁས་ཅན་གྱིས་དེས་ཚན་རིག་གི་གྲངས་གཞིར་བརྟེན་ནས་ཚྭ་མཚོའི་ཐོན་ཁུངས་ལུགས་མཐུན་ངང་བེད་སྤྱོད་དང་ཕུགས་ཕན་གྱི་ཐབས་ཇུས་འདིང་རྒྱུར་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད་པའི་ངོས་འཛིན་བྱས་པ་རེད།

    “ནོར་གཞོང”ཞེས་བརྗོད་པའི་ཚྭ་འདམ་གཤོངས་སར་ཚྭ་མཚོ་30ལྷག་ཙམ་ཡོད་པའི་ཁྲོད་ཅཱ་དང་། ན། མཱེ། ལིས་སོགས་གཏེར་ཐོན་ཐོན་ཁུངས་གསོག་ཚད་འཛམ་གླིང་གི་མདུན་གྲལ་དུ་སླེབས་ནས་འཐབ་ཇུས་ཀྱི་ཐོན་ཁུངས་གལ་ཆེན་ཞིག་ཡིན་པ་རེད།

    མཚོ་སྔོན་པོའི་ཚྭ་མཚོ་ཞིབ་འཇུག་སུའོ་ཡི་ཚྭ་མཚོའི་ས་གཤིས་དང་ཁོར་ཡུག་ཚོད་ལྟ་ཁང་གི་ཀྲུའུ་རེན་ཝང་ཅན་ཕིང་གིས་རྒྱལ་ནང་གི་ཆེད་ལས་ཚྭ་མཚོའི་ཞིབ་འཇུག་སྒྲིག་གཞི་གཅིག་པུ་དེ་ཡིན་པའི་ངོས་ནས་ཚྭ་མཚོའི་ཞིབ་འཇུག་ཁང་གིས་ཁང་དེ་བཙུགས་ནས་ལོ་50ཡི་ནང་རྩ་ཆེའི་ཚན་རིག་གི་གྲངས་གཞི་མང་པོ་གསོག་འཇོག་བྱས་ཡོད་མོད། འོན་ཀྱང་ཉར་ཚགས་བྱེད་ཚད་བལྟོས་བཅས་ཀྱིས་ཁ་ཐོར་ཡིན་པ་དང་མ་ལག་རང་བཞིན་གྱི་དོ་དམ་བྱས་ པའི་མཚོ་ཚད་གྲངས་གཞི་མེདཔས། གསར་གཏོད་དང་བཀོལ་སྤྱོད་ལ་སྐུལ་མ་གཏོང་ཐབས་བྲལ་ཡོད། དེས་ན་གྲངས་གཞིའི་མཛོད་བཙུགས་ཏེ་ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་གྱི་གྲངས་གཞི་ཅན་གྱི་རྨང་གཞི་འདིང་བར་ཐད་དགོས་གལ་ཆེན་པོ་ཡོད་ཅེས་ངོ་སྤྲོད་བྱས།

    ལོ་6གི་ནང་ཞིབ་འཇུག་མི་སྣས་གྲངས་གཞི་འཚོལ་བསྡུ་བྱེད་དཀའ་བ་དང་གྲངས་གཞིའི་འབྱུང་ཁུངས་རྙོག་འཛིང་ཆེ་བའི་དོན་དངོས་ཁྱད་བསད་བྱས་ཏེ་གནམ་གཤིས་ཀྱི་ཁོར་ཡུག་ཞན་ལ་སྐམ་ཤས་ཆེ་བའི་མི་མེད་ཁུལ་དུ་ཐེངས་མང་བསྐྱོད་དེ་གྲངས་གཞི་དབྱེ་འབྱེད་དང་། བསྡུ་ལེན། སྤུས་ཚད་ཞིབ་བཤེར་བཅས་བྱས་རྗེས་མཛོད་འཇུག་བྱས་ནས་རྒྱལ་ནང་དུ་མེད་པའི་ཚྭ་མཚོའི་ཚན་རིག་གྲངས་གཞིའི་ཚད་གཞིའི་འོག་གྲངས་གཞིའི་ཚད་གཞི་དང་ཚབ་ཨང་བསྐྱར་དུ་བཙུཌ་ཏེ་ཚྭ་མཚོའི་གྲངས་གཞིའི་ཁྱད་ཆོས་དང་། སྤྱོད་མཁན་སྣ་མང་གི་དགོས་མཁོ། འབྱུང་འགྱུར་མ་ལག་རྒྱ་སྐྱེད། གྲངས་གཞིའི་མཛོད་གསར་རྙིང་གི་གཏན་ཚིགས་ཀྱི་འབྲེལ་བ་སོགས་རྒྱུ་རྐྱེན་ལ་བསམ་གཞིག་བྱས་ནས་གྲངས་གཞིའི་མཛོད་ཀྱི་ནུས་པ་གསར་སྤེལ་ཇུས་འགོད་ལེགས་སྒྲུབ་བྱས་པ་རེད།

    ཝང་ཅན་ཕིང་གིས་གྲངས་གཞིའི་མཛོད་ནི་རྨང་གཞིའི་དཔྱད་གཞི་ཕྱོགས་བསྒྲིགས་སྟབས་བདེ་བྱས་པ་ཙམ་ཞིག་མ་ཡིན་པར་རིག་ནུས་ཅན་གྱི་གྲངས་གཞི་ལེགས་སྒྲིག་དང་། དབྱེ་ཞིབ། འདུས་གྲུབ། ས་ཁོངས་སྒྲོལ་བའི་མཉམ་འདྲེས་བཅས་བྱས་ཚེ་ཁེ་ལས་ལ་ཐོན་ཁུངས་བཀོད་སྒྲིག་དང་གསར་སྤེལ་གྱི་མི་མངོན་པའི་ནུས་པ་དབྱེ་ཞིབ་དང་། ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་དབྱེ་ཞིབ་སོཌ་ཐད་རོགས་རམ་ཐུབ་ནས་འབྱུང་འགྱུར་གནམ་གཤིས་འགྱུར་ལྡོག་དང་མིའི་རིགས་ཀྱི་གསར་སྤེལ་གྱི་ཤུགས་རྐྱེན་འོག་ཚྭ་མཚོའི་སྤྱི་དང་བྱེ་བྲག་གི་འགྱུར་ལྡོག་གི་ཆོས་ཉིད་ཕྱོཌ་ཡོངས་ནས་མངོན་ཐུབ་སྟེ་ཚྭ་མཚོའི་ཐོན་ཁུངས་རྒྱུན་མཐུད་ངང་སྤྱོད་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།