དབུ་ཤོག>གསར་འགྱུར།
  • ཧྲན་ཏུང་ཞིང་ཆེན་གྱིས་བོད་སྐྱོར་རྣམ་གྲངས་296བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-22

    ཉེ་ཆར། གསར་འགོད་པས་ཧྲན་ཏུང་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་ལྟེ་གནས་དོ་དམ་ཚོགས་ཆུང་ནས་ཤེས་རྟོགས་བྱས་པར། ཧྲན་ཏུང་ཞིང་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་འགན་འཁྲི་དང་འོས་འགན་བློ་ལ་བརྟན་པོར་ངེས་ནས་བོད་སྐྱོར་ལས་དོན་གྱི་བརྗོད་དོན་གཙོ་བོ་དང་གཙོ་རྐང་ལ་དམིགས་ནས་དེ་སྔའི་སྐབས་རིམ་བྱུང་གི་བོད་སྐྱོར་ལས་དོན་གྱི་རྨང་གཞིའི་ཐོག་ནུས་ཤུགས་ཡོད་རྒུས་ཧྲན་ཏུང་གི་བོད་སྐྱོར་ལས་དོན་སྐས་རིམ་གསར་པ་དང་ཆུ་ཚད་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་བ་རེད། མིག་སྔའི་བར་ཧྲན་ཏུང་ཞིང་ཆེན་གྱིས་ཁྱོན་བོད་སྐྱོར་རྣམ་གྲངས་296བཀོད་སྒྲིག་བྱས་པར་མ་དངུལ་སྒོར་ཁྲི་88063བཏང་བའི་ནང་རྣམ་གྲངས་141བསྒྲུབས་པ་དང་མ་དངུལ་སྒོར་ཁྲི་28759བཏང་བ་དང་། སྐྲུན་བཞིན་པའི་རྣམ་གྲངས་155ལ་མ་དངུལ་སྒོར་ཁྲི་59304བཏང་བ་མ་ཟད། དམངས་འཚོའི་ཁྱབ་ཁོངས་དང་གཞི་རིམ་མ་འཇོག་གི་གྲངས་འབོར་དེས་སྤྱིའི་མ་འཇོག་གི་87.6%དང་། 88.2%སོ་སོར་བཟུང་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཧྲན་ཏུང་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་སྤེལ་ནས་ལོ་གཅིག་ལྷག་ཙམ་སོང་ཚུན། ཐོན་ལས་བོད་སྐྱོར་གྱི་རྩ་བ་དེར་དམིགས་ནས་རོགས་སྐྲུན་བྱ་ཡུལ་གྱི་ནང་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཕེལ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། བསྡོམས་ཐོན་ལས་རྣམ་གྲངས་26ལག་བསྟར་བྱས་པ་དང་། བོད་སྐྱོར་མ་དངུལ་སྒོར་ཁྲི་15489བཏང་བ། སྤྱི་ཚོགས་ཀྱི་མ་དངུལ་སྒོར་དུང་ཕྱུར་7ལྷག་ཙམ་གཏོང་རྒྱུར་ཁྲིད་སྟོན་བཅས་བྱས་པར་བརྟེན། མང་ཚོགས་མང་པོ་ཞིག་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་རྒྱུར་སྣེ་ཁྲིད་ཐུབ་པ་དང་། སློབ་གསོའི་བོད་སྐྱོར་གྱི་གཙོ་གནད་ལ་དམིགས་ནས་ནུས་ཤུགས་ཡོད་རྒུས་རོགས་སྐྲུན་བྱ་ཡུལ་གྱི་སློབ་གསོ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་། སློབ་གསོའི་རྨང་གཞིའི་ཆ་རྐྱེན་ནུས་ཤུགས་ཡོད་རྒུས་ལེགས་སུ་བཏང་བ། ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བཅས་བྱས་ཏེ་དཀའ་སེལ་སློབ་རོགས་ཀྱི་བྱ་སྤྱོད་ཧུར་ཐག་སྤེལ་བ། སྨན་བཅོས་བོད་སྐྱོར་གྱི་དགོས་མཁོར་དམིགས་ནས་ནུས་ཤུགས་ཡོད་རྒུས་ས་མཐོར་ནམ་ཡང་གནས་ཐུབ་པའི་སྨན་བཅོས་རུ་ཁག་བཙུགས་པ་དང་། གཞིས་རྩེར་གཞི་རིམ་གྱི་སྨན་བཅོས་ལག་རྩལ་མི་སྣ་དཀོན་པ་དང་། ལག་རྩལ་རྗེས་ལུས། སྒྲིག་ཆས་རྗེས་ལུས་སོགས་ཀྱི་གནད་དོན་ལ་དམིགས་ནས་རང་འགུལ་ངང་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་གྱི་བྱེད་ཐབས་སྤྱད་དེ། སྨན་བཅོས་བོད་སྐྱོར་རྫོང་དང་ཤང་དུ་ཁྱབ་རྒྱུར་སྐུལ་འདེད་བཏང་བ། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་འགག་རྩར་དམིགས་ནས་ནུས་ཤུགས་ཡོད་རྒུས“ཧྲན་ཏུང་དང་བོད་ལྗོངས་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་སྐབས་བཅོ་ལྔ་པའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་། ཕྱོགས་ཡོངས་ནས་ཧྲན་ཏུང་དང་བོད་ལྗོངས་ས་གནས་གཉིས་ཀྱི་དཔལ་འབྱོར་འགྲོ་འོང་ཟབ་ཏུ་བཏང་བར་བརྟེན་ཧྲན་ཏུང་དང་བོད་ལྗོངས་མི་དམངས་དབར་གྱི་བརྩེ་སེམས་སྔར་བས་ཟབ་ཏུ་ཕྱིན་པ། དཔུང་ཁག་འཛུགས་སྐྱོང་གི་རྩ་བར་དམིགས་ནས་ནུས་ཤུགས་ཡོད་རྒུས་བྱང་ཚད་མཐོ་བའི་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣའི་དཔུང་ཁག་ཧུར་ཐག་བཙུགས་ཏེ་བསམ་བློ་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་རྒྱུན་གཏན་གྱི་དོ་དམ་བཟང་སྒྲིག ཞབས་ཞུ་འགན་ལེན་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཧྲན་ཏུང་བོད་སྐྱོར་གྱི་གཟུགས་བརྙན་བཟང་པོ་དང་ཧྲན་ཏུང་བོད་སྐྱོར་གྱི་སྤུས་རྟགས་བཏོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།