དབུ་ཤོག>གསར་འགྱུར།
  • ཀོང་ཀྲོའུ་བོད་སྐྱོར་སྨན་བཅོས་རུ་ཁག་གིས་གཞིས་རྩེ་གྲོང་ཁྱེར་གྱི་གཞི་རིམ་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2018-07-20

    ཀོང་ཀྲོའུ་ཀྲུང་ཧྲན་སློབ་ཆེན་སུན་དབྱི་ཤན་དྲན་གསོའི་སྨན་ཁང་གིས་ཉེ་ཆར་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་ལ་2018ལོའི་ཁག་གཉིས་པའི་བོད་སྐྱོར་སྨན་བཅོས་རུ་ཁག་མངགས་གཏོང་བྱས་པ་མ་ཟད། སྒོར་ཁྲི་2000རི་བའི་སྨན་བཅོས་སྒྲིག་ཆས་འབྲོང་པ་རྫོང་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ལ་ཞལ་འདེབས་སུ་ཕུལ་བ་རེད།

    ད་རེས་ཀྱི་སྨན་བཅོས་སྒྲིག་ཆས་ནང་ཁོག་ཤེལ་དང་། CTསྒྲིག་ཆས། རྒྱང་རིང་ནད་དཔྱད་མ་ལག བརྟག་བཤེར་སྒྲིག་ཆས། ཆ་འཕྲིན་ཅན་གྱི་དོ་དམ་མ་ལག སློབ་གསོ་གསོ་སྦྱོང་མ་ལག་སོགས་ཚུད་ཡོད་པ་རེད།

    ཞལ་འདེབས་རྒྱག་པའི་མཛད་སྒོའི་ཐོག་2018ལོའི་བོད་སྐྱོར་སྨན་བཅོས་རུ་ཁག་ཁག་དང་པོའི་རིགས་གཅིག་མཁས་ཅན་ཤའོ་ཀྲི་ཡུས་ཀྱིས། བོད་སྐྱོར་སྨན་བཅོས་རུ་ཁག་གིས་འབྲོང་པ་རྫོང་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ལ་སྒྲིག་སྲོལ་ལམ་ལུགས་ཁག་400བཟོས་ནས་འཐུས་སྒོ་ཚང་དུ་བཏང་བ་དང་དོས་དྲག་ཚན་ཁག་སྐྲུན་རོགས་བྱས་པ་མ་ཟད། “དབྱི་ཤན་དང་འབྲོང་པའི་ཁོག་པའི་རྨ་ཆུང་ཕྱི་བཅོས་ཚན་ཁག་ལྟེ་གནས”དང“དབྱི་ཤན་དང་འབྲོང་པའི་རྨ་ཆུང་ཕྱི་བཅོས་ཚན་ཁག་གི་ལག་རྩལ་གསོ་སྦྱོང་ལྟེ་གནས” “དབྱི་ཤན་དང་འབྲོང་པའི་ནད་ཐོག་སྨན་བཅོས་ནད་སྐྱོང་གསོ་སྦྱོང་ལྟེ་གནས”བཅས་གྲབས་འཛུགས་ཧུར་ཐག་བྱས་པ་རེད།

    འབྲོང་པ་རྫོང་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་གནས་པ་དང་། རྫོང་དེར་མི་འབོར་ཁྲི་2.6དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ཟིན་ཡོད་པ་རེད། རང་བྱུང་དང་ལོ་རྒྱུས་རྒྱུ་རྐྱེན་གྱི་ཚོད་འཛིན་ཕོག་སྟབས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཅུང་རྗེས་ལུས་ཐེབས་ཡོད། 2016ལོའི་ཟླ་5པར་རྒྱལ་ཁབ་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་སོགས་སྡེ་ཚན་ལྔ་ཡིས་སྒྲིག་འཛུགས་དང་མཐུན་སྦྱོར་བྱས་པ་བརྒྱུད་ཀྲུང་ཧྲན་སློབ་ཆེན་སུན་དབྱི་ཤན་དྲན་གསོའི་སྨན་ཁང་གིས་རིགས་གཅིག་མཁས་ཅན་མངགས་ནས་འབྲོག་པ་རྫོང་དུ་བཅའ་སྡོད་བྱས་ཏེ་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།