དབུ་ཤོག>གསར་འགྱུར།
  • མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-20

     འདི་ལོ་ནས་བཟུང་། ནག་ཆུ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དོན་འཁྱོལ་གནད་སྨིན་བྱ་ཆེད། གྲོང་ཁྱེར་མི་རིགས་ཆོས་ལུགས་ལས་དོན་ཅུས་ཀྱིས་མཐོང་ཆེན་བྱས་ནས་དྲིལ་བསྒྲགས་བྱེད་པའི་རྣམ་པ་དང་ཞིབ་ཕྲའི་བྱ་ཐབས་ཁ་གསལ་བཏོན་ཏེ་ཆེད་དོན་སྟོབས་ཤུགས་སྒྲིག་འཛུགས་དང་ཆེད་མིས་འགན་འཁུར་ནས། “སྣང་ཆེན་བཞི་དང་དགའ་ཞེན་བཞི”དང་། “ངལ་རྩོལ་ལ་དགའ་ཞེན་དང་། ཤེས་དཔལ་ལ་སྣང་ཆེན། དར་སྲོལ་འཛུགས་པ”“ཐུན་མོང་གི་ཆ་གཉིས” “ཁ་འབྲལ་ཐབས་མེད་པ་གསུམ”“འདུ་ཤེས་བཞི” “མོས་སེམས་དྲུག”སོགས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་བཟུང་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ“མི་རིགས་མཐུན་སྒྲིལ་ལ་དམ་འཛིན་བྱེད་པ་ནི་བརྟན་ལྷིང་ལ་དམ་འཛིན་དང་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་ཞིག་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་ཡོད།

    བྱེད་སྒོའི་རིང་། ཟླ་བ་གསུམ་པ་ཕྱོགས་བསྡུས་བཅོས་སྐྱོང་དྲིལ་བསྒྲགས་ཟླ་བ་ཡིན་པའི་གོ་སྐབས་དང་བསྟུན་ནས་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཤུགས་ཆེན་སྤེལ་ཏེ་ནག་ཆུ་གྲོང་ཁྱེར་ཀྲེ་ཅང་ཚོང་རའི་ལྷོ་སྒོར་འཐབ་ཕྱོགས་གཅིག་གྱུར་དང་། མི་རིགས་ཆོས་ལུགས་ཀྱི་དྲིལ་བསྒྲགས་བྱ་ཡུལ་བཙུགས་ནས། འཕྲེད་འགེལ་ཡི་གེ་འགེལ་བ་དང་། སྦྱར་ཚིག་སྦྱར་བ། དྲིལ་བསྒྲགས་དཔྱད་ཡིག་འགྲེམས་པ་བཅས་བྱས་ནས་ཕར་འགྲོ་ཚུར་འོང་གི་མང་ཚོགས་ལ་ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཡོད་ཤེས་བྱའི་སྐོར་འགྲེལ་བཤད་བརྒྱབ་པ་དང་། རྫོང་ཁག་གིས་ཀྱང་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྣ་མང་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་ཞིང་། བསྡོམས་རྩིས་ལ་གཞིགས་ལ། ཟླ་གསུམ་པར་ནག་ཆུ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་ཀྱི་བརྡ་སྦྱོར་20000ལྷག་བཟོས་པ་དང་། “མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས”དང《གྲོང་ཁྱེར་གྱི་མི་རིགས་ལས་དོན་སྲོལ་ཡིག》5000ལྷག་བཀྲམ་པ། མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་ཀྱི་ཁུག་མ་2000ལྷག་སྤྲད་པ། ཚེས་ཐོ་2000ལྷག་འགྲེམ་པ། འཕྲེད་འགེལ་ཡི་གེ་300ལྷག་སྦྱར་བ། LEDབརྙན་ཤེལ་དང་། འགྲེམས་པང་ཚགས་པར། དྲིལ་བསྒྲགས་སྒྲོམ་སྟེགས་སོགས་ཐེངས་200ལྷག་སྤྱད་པ་བཅས་རེད།

    “3·28”ཀྱི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། བཞུགས་མོལ་ཚོགས་འདུའི་ཐོག་རྒན་ཡོལ་ཞུས་པའི་ལས་བྱེད་རྒན་གྲས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་མི་སྒེར་གྱི་འཐུས་མི། གྲྭ་བཙུན་གྱི་འཐུས་མི་སོགས་ཀྱིས་རང་ངོས་ཀྱི་མྱོང་བ་དང་ལས་ཀའི་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་གཏམ་བཤད་ལྷུག་པོར་སྤེལ་ཏེ་བོད་རྙིང་པའི་གདུག་རྩུབ་དང་། བོད་གསར་པའི་དྲོ་སྐྱིད་བརྗོད་ཡོད། ཁོང་ཚོས་མི་རིགས་མཐུན་སྒྲིལ་ལ་འཛིན་པའི་མྱོང་བ་དང་ངོས་འཛིན་ལྷུག་པོར་གླེང་ནས། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་པ་དང་། ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི”ཡིད་ཆེས་དང་ཆོད་སེམས་ཟབ་མོ་མཚོན་པར་བྱས་པ་རེད། རྫོང་ཁག་གིས་རྒྱལ་གླུ་བླངས་ནས་རྒྱལ་དར་སྒྲེང་བ་དང་། སྒོར་གཞས་འཁྲབ་པ། བོད་གསར་རྙིང་བསྡུར་བའི་བཞུགས་མོལ་ཚོགས་འདུ་འཚོག་པ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ནས།“3·28”ཀྱི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་གཟབ་རྒྱས་ངང་སྤེལ་བ་རེད། དྲིལ་བསྒྲགས་རྒྱ་ཁྱབ་ཏུ་བྱས་པར་བརྟེན་རྒྱ་ཆེའི་མང་ཚོགས་ཀྱིས་བོད་འདི་གནའ་སྔ་མོ་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱི་ཁ་འབྲལ་དུ་མེད་པའི་གྲུབ་ཆ་ཞིག་ཡིན་པ་དང་། “ཐུན་མོང་གི་ཆ་གཉིས”དང་། “ཁ་འབྲལ་ཐབས་མེད་པ་གསུམ” “མོས་སེམས་ལྔའི”བསམ་བློ་བརྟན་པོ་འཛུཌ་དགོས་པའི་ངོས་འཛིན་གང་ལེགས་བྱུང་སྟེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོཌ་ཀྱིས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་དགའ་གཅེས་དང་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཙིགས་ཆེན་བྱེད་པའི་དད་སེམས་སྔར་བས་བརྟན་དུ་སོང་ཡོད།

    531845_yis_1531457830687.jpg

    འདི་ནི་ནག་ཆུ་གྲོང་ཁྱེར་མི་རིགས་ཆོས་དོན་ཅུས་ཀྱི་ལས་བྱེད་པས་དགོན་སྡེར་བསྐྱོད་དེ་ཏང་གི་མི་རིགས་སྲིད་ཇུས་སྒྲོག་འགྲེལ་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།