གླེང་གཞི།
ཉེ་བའི་ལོ་ལྔ་ཙམ་རིང་ལྷོ་ཁ་གྲོང་ཁྱེར་གྱིས་མི་རིགས་ཁག“ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ”གྱི་བརྗོད་དོན་གཙོ་བོ་དེར་དམ་འཛིན་ཏན་ཏིག་བྱས་ཏེ་ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་བསྟར་ཤུགས་ཆེན། མི་རིགས་ལས་ཀའི་སྒྲིག་གཞི་དང་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། མི་འབོར་ཅུང་ཉུང་བའི་མི་རིགས་གཅིག་སྡུད་ཁུལ་དང་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་བ་བཅས་བྱས་པས་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
དྲིལ་བསྒྲགས་སློབ་གསོ་ཤུགས་ཆེན་སྤེལ་བ།
ལྷོ་ཁ་ནི་བོད་མི་རིགས་ཀྱི་འབྱུང་ཁུངས་དང་བོད་ཀྱི་རིག་གནས་དར་སའི་གནས་ཤིག་དང་མི་རིགས་མང་པོ་འདུས་སྡོད་ཁུལ་ཞིག་ཡིན་པས་དེར་བོད་རིགས་དང་། མོན་པ་རིགས། ལྷོ་པ་རིགས། རྒྱ་རིགས། ཧུད་རིགས་སོགས་མི་རིགས་28ཡོད་པ་དང་གྲངས་ཉུང་མི་རིགས་ཀྱིས་མི་འབོར་བསྡོབས་འབོར་གྱི་97%ཡན་བཟུང་ཡོད།
ལོ་མང་རིང་ལྷོ་ཁའི་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་ཏེ་མི་རིགས་འབྲེལ་བ་འཆམ་མཐུན་ལྡན་པ་ཞིག་ཡོད། མིག་སྔར་གྲོང་ཁྱེར་དེ་ཡོངས་སུ་ཁྱོན་མི་རིགས་ཤང་5ཡོད་པ་ནི་མཚོ་སྣ་རྫོང་གི་སྐྱིད་པ་དང་། ཀོང་རི། མག་མག སླད་བཅས་མི་རིགས་ཤང་4དང་ལྷུན་རྩེ་རྫོང་གི་མདོ་ཡུལ་ལྷོ་པ་མི་རིགས་ཤང་བཅས་ཡིན་པ་དང་མི་རིགས་ཁག་དབར་གཉེན་སྒྲིག་བྱས་པའི་དུད་ཚང་1403ཡོད་པ་རེད།
ལྷོ་ཁ་གྲོང་ཁྱེར་གྱིས་ལོ་ལྟར་གྱི“3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཉིན་མོ་དང་། “དྲུག་གཅིག”བྱིས་པའི་དུས་ཆེན། “བདུན་གཅིག”ཏང་གི་འཁྲུངས་སྐར། “བརྒྱད་གཅིག”དམག་འཛུགས་དུས་ཆེན། མི་རིགས་མཐུན་སྒྲིལ་གྱི་ཟླ་བ། རྒྱལ་སྟོན་སོགས་དུས་ཆེན་དང་དྲན་གསོའི་ཉིན་མོར་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་ཀྱི་སློབ་གསོའི་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་ནས་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་། བཞུགས་མོལ་ཚོགས་འདུ་འཚོགས་པ། དྲིལ་བསྒྲགས་སྙན་ཞུའི་ཚོགས་འདུ་འཚོགས་པ། རིག་གནས་གཤམ་སྤེལ་གྱི་བྱེད་སྒོ་སྤེལ་བ་སོགས་བྱེད་སྟངས་སྣ་ཚོགས་ལ་བརྟེན་ནས་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བ་དང་ཏང་གི་མི་རིགས་སྲིད་ཇུས་དྲིལ་བསྒྲགས་རྒྱ་ཁྱབ་ངང་བྱས་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ། “ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློའི་སློབ་གསོ་བརྒྱབ་ནས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་བཏང་བ་དང་ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལས་ཁུངས་དང་། སློབ་གྲྭ། སྡེ་ཁུལ། ཁེ་ལས། དཔུང་སྡེ། དགོན་སྡེ། ཞིང་འབྲོག་ཁུལ་བཅས་སུ་དྲིལ་བསྒྲགས་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད་པ་རེད།
གཏོད་འཛུགས་ལས་དོན་བརྟན་ཁྲོད་ཡར་འཕེལ་བྱུང་བ།
མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་སྤེལ་བ་དེར་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། སྤྱི་ཚོགས་དུས་བབ་བརྟན་ལྷིང་སྲུང་སྐྱོང་། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དུ་གཏོང་རྒྱུར་ཆེས་གལ་ཆེའི་དོན་སྙིང་ལྡན་ཡོད།
སྔོན་ཐོན་ལ་གཟེངས་བསྟོད་ཀྱིས་དཔེ་མཚོན་གཏོད་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་མདུན་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུར་སྐུལ་མ་ཟམ་མི་ཆད་པ་བཏང་སྟེ་2011ལོ་ནས་བཟུང་ལྷོ་ཁ་གྲོང་ཁྱེར་གྱིས་ལོ་ལྟར་རྫོང་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་120ཡན་དང་དཔེ་བཟང་མི་སྒེར་180ཡན་བདམས་ནས་གཟེངས་བསྟོད་བྱེད་པ་དང་ལོ་ལྟར་གྲོང་ཁྱེར་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་15ཡན་དང་དཔེ་བཟང་མི་སྒེར་20ཡན་བདམས་ནས་གཟེངས་བསྟོད་བྱེད་ཀྱི་ཡོད་པ་རེད།
ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་ལྷོ་ཁ་གྲོང་ཁྱེར་གྱིས་ལངས་ཕྱོགས་བརྟན་པ་དང་། དར་ཆ་གསལ་སྟོན། དཀའ་ངལ་དུ་མ་ཁྱད་བསད་ཐུབ་པའི་སྔོན་ཐོན་དཔེ་མཚོན་མང་པོ་བདམས་པ་དང་ཆབས་ཅིག་གྲོང་ཁྱེར་དེ་ཡོངས་ཀྱི་ཁོངས་གཏོགས་སུ་སྔོན་ཐོན་ལ་སློབ་སྦྱོང་བྱེད་པ་དང་། སྔོན་ཐོན་བརྩོན་ལེན་འགྲན་བསྡུར་བྱེད་པ། མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མཉམ་སྡེབ་གཏོད་རྒྱུར་བརྩོན་ལེན་བྱེད་པ། མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་དཔེ་བཟང་བ་བརྩོན་ལེན་བྱེད་པ་བཅས་ཀྱི་བྱེད་སྒོ་སྤེལ་ཏེ་གྲོང་ཁྱེར་དེ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཐུན་མོང་ཐོག་འབད་བརྩོན་དང་། དར་ཆ་གསལ་སྟོན་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། དུས་བདེའི་ལྷོ་ཁ་དང་། འབྱོར་འབྲིང་ལྷོ་ཁ། ཞི་མཐུན་ལྷོ་ཁ་བཅས་འཛུགས་སྐྲུན་བྱེད་པའི་དཔེ་བཟང་བ་བརྩོན་ལེན་བྱེད་པ་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་ལྕག་སྐུལ་བྱས་པས་མི་རིགས་མང་པོའི་དབར་བརྩེ་བ་ཟབ་པ་དང་། ལྟ་རེས་སྲུང་རེས། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་པ་རེད།
དཔེ་སྟོན་ས་ཚིགས་བཏོད་པས་བཀྲག་མདངས་འཚེར་ས་ལྷག་པར་མང་།
2010ལོར་ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་དཔེ་སྟོན་བྱེད་སྒོ་སྤེལ་བ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་དུས་ཐོག་ཏུ《ལྷོ་ཁ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་དཔེ་སྟོན་བྱེད་སྒོ(ཚོད་ལྟ)ཡི་ལག་བསྟར་ཇུས་གཞི》བཟོས་ཏེ་ལག་བསྟར་བྱས་པ་དང་མདོ་ཡུལ་ལྷོ་པ་མི་རིགས་ཤང་འདི་ཉིད་ལྗོངས་ཡོངས་ཀྱི་ཚོད་ལྟའི་ཚན་པ་དང་རྩེད་ཐང་གྲོང་རྡལ་རྩེད་ཐང་གྲོང་ལྷན་འདི་ཉིད་ལྷོ་ཁ་གྲོང་ཁྱེར་གྱི་ཚོད་ལྟའི་ཚན་པར་བརྩིས་ནས་ཚོད་ལྟའི་ཁྲོད་གཏོད་འཛུགས་ལས་དོན་སྤེལ་བ་རེད། ཚོད་ལྟའི་ལས་དོན་སྤེལ་ཚུན་དེ་བསྟུན་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་ཆབས་ཅིག་རང་ངོས་ཀྱི་དོན་དངོས་ལ་གཞིགས་ཏེ་ཡུལ་བབ་དང་བསྟུན་པ་དང་བཀོད་སྒྲིག་ཞིབ་ཚགས་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ས་ཚིགས་བཏོད་དེ་གྲུབ་འབྲས་གཟེངས་སུ་ཐོབ་པའི་ལས་དོན་མང་པོ་བསྒྲུབས་པ་རེད། དེ་དང་ཆབས་ཅིག་ཁོངས་མིའི་ཚན་པ་ཁག་གིས་འགན་ནུས་འདོན་སྤེལ་གང་ལེགས་དང་། མཐུན་སྦྱོར་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ས་ཚིགས་གཏོད་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་བཅས་བྱས་པས། མིག་སྔར། ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་དཔེ་སྟོན་བྱེད་སྒོའི་ཚོད་ལྟའི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་པ་རེད།
ལྷོ་ཁ་གྲོང་ཁྱེར་མི་རིགས་ཆོས་དོན་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས། “གོམ་སྟབས་རྗེས་མར་ལྷོ་ཁ་གྲོང་ཁྱེར་མི་རིགས་ཆོས་དོན་ཅུས་ཀྱིས་གསར་གཏོད་ཀྱི་གྲུབ་འབྲས་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ས་ཚིགས་གཏོད་རྒྱུར་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ས་ཚིགས་གཏོད་པའི་ལས་འགན་ཁག་ལེགས་གྲུབ་ཏན་ཏིག་བྱ་རྒྱུ་རེད”ཅེས་ངོ་སྤྲོད་བྱས་པ་རེད།