དབུ་ཤོག>གསར་འགྱུར།
  • བློ་བཟང་རྒྱལ་མཚན་གྱིས་བོད་རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་ཕོ་བྲང་གི་རྣམ་གྲངས་འཕེལ་རིམ་ལ་ཞིབ་བཤེར་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-18

     ཚེས་16ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཆར་པར་མ་འཛེམས་པར་བོད་རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་ཕོ་བྲང་གི་ཨར་སྐྲུན་བྱ་ཡུལ་དུ་ཕེབས་ཏེ་རྣམ་གྲངས་ཀྱི་འཕེལ་རིམ་ལ་གཟིགས་ཞིབ་གནང་བ་དང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་རེད།

    བོད་ཀྱི་གཞོན་ནུ་ལོ་ཆུང་ཕོ་བྲང་ནི་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”གཙོ་གནད་ལས་གྲྭ་དང་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་གྱི་གཙོ་གནད་རྒྱབ་སྐྱོར་རྣམ་གྲངས་ཤིག་ཡིན་པས་ལས་གྲྭ་སྤྱི་ཡོངས་ནས་འགན་གཙང་ལེན་པའི་དོ་དམ་དཔེ་དབྱིབས་སྒྲིག་འཛུགས་དང་ལག་བསྟར་བྱས་པ་དང་2017ལོའི་ཟླ་7པར་སྐྲུན་འགོ་བཙུགས་པ་རེད། བློ་བཟང་རྒྱལ་མཚན་ལས་ཡུལ་དུ་ཕེབས་ནས་འགྲེམས་པང་ལ་གཟིགས་བཞིན་ཕེབས་ཀྱིན་བཀའ་འདྲི་གནང་བ་དང་འབྲེལ་ཇུས་བཀོད་དང་། ཨར་སྐྲུན། ལྟ་སྐུལ་དོ་དམ་དང་ལས་རིགས་དོ་དམ་སྡེ་ཚན། དོ་བདག་གི་ཚན་པ་དང་དེ་བཞིན་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་དོན་བཅས་ཀྱི་སྙན་ཞུ་ནན་ཏན་ངང་གསན་པ་རེད། ཁོང་གིས་ལས་འགོ་བཙུགས་ནས་ལོ་གཅིག་སོང་རིང་ཀོང་ཏུང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་སྒེར་སེམས་མེད་པའི་རྒྱབ་སྐྱོར་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག་སྡོད་ཁང་འཛུགས་སྐྲུན་ཐིང་དང་། སྡེ་ཚོགས་ལྗོངས་ཨུ་ལྷན། ལྷ་ས་གྲོང་ཁྱེར་བཅས་ཀྱིས་སྤྱི་འདོམས་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བྱས་པ་དང་། འཛུགས་སྐྲུན་ནང་ཞུགས་མཁན་ཕྱོགས་ཁག་གིས་འབད་བརྩོན་ཧུར་ཐག་བྱས་པ་བརྒྱུད་ཐུན་མོང་ཐོག་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་བས་མིག་སྔར་སྤྱིའི་འཕེལ་རིམ་བདེ་བླག་བྱུང་ཡོད་ཅེས་བསྟན་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་བོད་རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་ཕོ་བྲང་གིས་བོད་གསར་པའི་ལོ་རྒྱུས་ཀྱི་འཕོ་འགྱུར་བདེན་དཔང་ཐུབ་པ་དང་། གསར་བརྗེའི་དྲན་ཤེས་ཟབ་མོ་མཚོན་པ། 

    དུས་རབས་གསར་པའི་གཞོན་ནུ་ལོ་ཆུང་གི་འཕེལ་རྒྱས་ལ་ཁ་ཕྱོགས་པ། ཀོང་ཏུང་དང་བོད་ལྗོངས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་མཛའ་གཅུགས་ཟབ་མོ་གཅིག་སྡུད་བཅས་བྱས་ཡོད་པས་ཆུ་ཚད་མཐོ་པོའི་སྒོ་ནས་རྣམ་གྲངས་འཛུགས་སྐྲུན་ལག་བསྟར་བྱས་ཏེ་སྤུས་ཚད་རྩེར་སོན་གྱི་སྤུས་ལེགས་ལས་གྲྭ་དང་སྤུས་དག་མ་དཔེའི་ལས་གྲྭ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    གཅིག་ནས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་གཞོན་ནུ་ལོ་ཆུང་གི་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ“མི་སྐྱེད་སྲིང་བྱེད་པ་ནི”གཞོན་ནུ་ལོ་ཆུང་ཕོ་བྲང་གི་རྩ་བའི་དམིགས་ཡུལ་དེ་ཡིན་པ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་དེ་གཞོན་ནུ་ལོ་ཆུང་གི་ཕོ་བྲང་གི་རྩ་བའི་ནུས་པ་ཞིག་ཡིན་པ་ངོས་འཛིན་གཏིང་ཟབ་བྱེད་པ། རྣམ་གྲངས་འཛུགས་སྐྲུན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བཅས་བྱས་ཏེ་བསམ་བློ་སྔར་བས་གཅིག་གྱུར་དང་། ངོས་འཛིན་མཐོར་གཏོང་། རྩ་འཛུགས་ཀྱི་འགོ་ཁྲིད་དང་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ནུས་ཤུགས་ཡོད་རྒུས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

    གཉིས་ནས་རྣམ་གྲངས་འཛུགས་སྐྲུན་གྱི་ངེས་གནས་སྔར་བས་གསལ་པོ་ཡོང་བ་བྱེད་དགོས། རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་གྱི་བསམ་བློ་དེ་ཇུས་བཀོད་དང་། ཨར་སྐྲུན། དོ་དམ། འཁོར་རྒྱུག་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཏེ་བསམ་བློའི་སློབ་གསོ་དང་། རིག་གནས་སློབ་སྦྱོང་། ཚན་རིག་ཁྱབ་གདལ་དྲིལ་བསྒྲགས། ལས་ཞུགས་ལས་གཏོད་ཀྱི་གསོ་སྦྱོང་སོགས་ཀྱི་ནུས་པ་འཐུས་སྒོ་ཚང་དུ་བཏང་ནས་བཟོ་སྐྲུན་ལ་གསོན་ཤུགས་འཕེལ་བར་བྱས་ཏེ་གཞོན་ནུ་ལོ་ཆུང་ཕོ་བྲང་དེ་སློབ་ཕྱིའི་བྱེད་སྒོ་སྤེལ་ཡུལ་དང་། ཕུལ་བྱུང་གི་ལོ་རྒྱུས་རིག་གནས་རྒྱུན་འཛིན། རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོར་ཤུགས་སྣོན་རྒྱག་པ། དུས་རབས་གསར་པའི་གཞོན་ནུ་ལོ་ཆུང་གི་ཉམས་འགྱུར་མངོན་པ་བཅས་ཀྱི་གཡུལ་ས་གཙོ་བོར་དངོས་སུ་གྱུར་བ་བྱེད་དགོས།

    གསུམ་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ཨར་རྒྱག་སྔར་བས་བཀོད་སྒྲིག་བྱེད་དགོས། ཇུས་བཀོད་ཞིབ་ཚགས་དང་། སྒྲིག་འཛུགས་ཞིབ་ཚགས། ཨར་རྒྱག་ཞིབ་ཚགས་བཅས་བྱས་ཏེ་ལས་གྲྭ་འཛུགས་སྐྲུན་གྱི་ཚད་གཞི་དང་སྒྲིག་སྲོལ་ཁག་ལག་བསྟར་ནན་ཏན་བྱས་ནས་ནང་ངོས་ཀྱི་སྤུས་ཀ་དང་ཉམས་དོད་པའི་ཕྱི་དབྱིབས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ལས་གྲྭའི་སྤུས་ཚད་འགན་ལེན་བྱེད་དགོས། འཛུགས་སྐྲུན་ནང་ཞུགས་མཁན་ཕྱོགས་ཁག་གིས་འགན་འཁྲི་དོན་འཁྱོལ་དང་སླར་ཡང་དོན་འཁྱོལ་བྱེད་པ་དང་། ལས་དོན་ཞིབ་ཚགས་དང་སླར་ཡང་ཞིབ་ཚགས་བྱས་ཏེ་ལས་ཡུན་ལྡོག་རྩིས་དང་ལས་རིམ་གསལ་བཀོད་བྱས་ཏེ་སྤུས་ཚད་དང་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་འོག་ལས་གྲྭའི་མྱུར་ཚད་མགྱོགས་སུ་བཏང་ཐོག་ཕྱི་ལོའི་ལྔ་བཞི་གཞོན་ནུའི་དུས་ཆེན་སྐབས་སུ་འཛུགས་སྐྲུན་ཟིན་ནས་བེད་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས།

    བཞི་ནས་བདེ་འཇགས་ཐོན་སྐྱེད་ལ་སྔར་བས་འགན་ལེན་བྱེད་དགོས། ཨར་སྐྲུན་ལྟ་སྐུལ་དོ་དམ་བྱེད་པར་ཉེན་ཁར་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ་བདེ་འཇགས་དོ་དམ་གྱི་ལམ་ལུགས་ཁག་ལག་བསྟར་ནན་པོ་བྱེད་པ་དང་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བྱས་ཏེ་ཨར་སྐྲུན་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས།

    ལྔ་ནས་འཆར་འགོད་ཇུས་གཞི་སྔར་བས་ལེགས་སུ་གཏོང་དགོས། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་སློབ་གསོ་ནང་དོན་གཙོ་བོར་བྱས་པའི་གཡུལ་ས་གཙོ་བོ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་བོད་ཀྱི་གཞོན་ནུ་ལོ་ཆུང་གི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་ངེས་གནས་ཀྱི་ནུས་པ་འཕྱུགས་མེད་དང་། འགག་རྩའི་ཞིབ་ཆ་དམ་འཛིན་བྱེད་པ། འབྲེལ་ཡོད་འཆར་འགོད་སྔར་བས་ལེགས་སུ་གཏོང་བ་བཅས་བྱས་ཏེ་ཐོན་ཁུངས་འབེལ་པོ་དེ་ཙམ་མེད་པའི་སྔོན་འགྲོའི་འོག་བོད་ཀྱི་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མངོན་པར་བྱས་ཐོག་སྤུས་ཚད་དང་ནུས་པའི་ཆུ་ཚད་ཡག་ཤོས་ཡོང་བ་བྱེད་དགོས།

    དྲུག་ནས་སྔ་སྣུར་ནས་འཁོར་རྒྱུག་གི་གྲ་སྒྲིག་སྔར་བས་བྱེད་དགོས། རྣམ་གྲངས་ཀྱི་དོ་བདག་ཚན་པས་སྔ་སྣུར་ནས་ཇུས་འགོད་བྱེད་པ་དང་། དོ་དམ་འཁོར་རྒྱུག་གི་གྲ་སྒྲིག་ཞིབ་ཚགས་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་རྣམ་གྲངས་ཀྱི་ནུས་པ་བཏོན་ཐོག་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་ལ་དེ་བས་ཡག་པའི་སྤྱི་པའི་ཞབས་ཞུ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་མཁོ་འདོན་བྱེད་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།