
ཉེ་བའི་ལོ་ཤས་རིང་། སྐྱེམས་སྟོང་ཤང་ཏང་ཨུད་དང་སྲིད་གཞུང་གིས་སྣང་རྫོང་ཨུད་ཀྱི་ལས་ཀའི་སྤྱིའི་བསམ་ཕྱོགས་ལ་ནན་པོར་གཞིགས་ནས་རྒྱལ་ལམ་219དང་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་གྱི་གོ་སྐབས་ལ་བརྟེན་ནས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག”ཅེས་བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་དང་། མི་དམངས་ལྟེ་བར་བྱས་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་ཧུར་ཐག ཤང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་མཐུན་སྒྲིལ་སྣེ་འཁྲིད་བཅས་བྱས་ཏེ་འཇུར་མིག་བཤངས་པ་དང་འཕེལ་རྒྱས་དོན་གཉེར་དང་། ཏང་འཛུགས་སྐྱོང་སྟོབས་ཆེར་གཏོང་བ་དང་རྨང་གཞི་བརྟན་དུ་བཏང་བས་སྐྱེམས་སྟོང་ཤང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ཅིང་། འདི་ནི་འདི་ལོའི་དབྱར་རྩྭ་དགུན་འབུ་འཐུ་རིང་། སྐྱེམས་སྟོང་ཤང་ཤེལ་རི་ཁ་གྲོང་ཚོའི་མང་ཚོགས་80ལྷག་ཙམ་གྱིས་རང་འགུལ་ངང“རྒྱལ་དར་རི་སྟེང་དུ་འགེལ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྲུང”ཞེས་པའི་འཕྲེད་འགེལ་སྦྱར་ཡིག་ཐོག་མིང་རྟགས་བཀོད་དེ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་ཞིག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱེད་པའི”ཆོད་སེམས་བརྟན་པོ་མཚོན་པར་བྱས་པ།