དབུ་ཤོག>གསར་འགྱུར།
  • གཞིས་རྩེ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་ཀའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2018-07-10

    x0706ft33_s.jpg

    འདི་ནི་ཉེ་ཆར་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་གི་མི་རིགས་ཁག་གི་མང་ཚོགས་མཉམ་དུ་འཛོམས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་67འཁོར་བར་རྟེན་འབྲེལ་ཞུ་བའི་གནས་ཚུལ་ཡིན་པ།

    ད་ཕན་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག“ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་དགོས”པའི་མི་རིགས་ལས་ཀའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ཀྱི་བྱེད་སྒོ་ཤུགས་ཆེན་སྤེལ་བ་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་། སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་གཏོང་བ། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས། གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་གྱི་དུས་བབ་དགའ་འོས་པ་ཞིག་ཡོད།

    1 མཚན་རླུང་དང་བསྟུན་གྲུ་ཆར་དལ་གྱིས་བབ། སྐད་གྲགས་མེད་པར་ཀུན་ལ་བརླན་གཤེར་བྱིན།

    དྲིལ་བསྒྲགས་སློབ་གསོ་མི་སེམས་ལ་ཟུག་པ།

    མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ནས་མི་རིགས་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་ནན་བཤད་གནང་བ་རེད།

    དེར་བརྟེན་གཞིས་རྩེ་གྲོང་ཁྱེར་གྱིས་ལག་བསྟར་དོན་འཁྱོལ་ཧུར་ཐག་བྱེད་པ་དང་རང་ངོས་ཀྱི་དོན་དངོས་ལ་གཞི་ཚུགས་ནས་བྱེད་ཐབས་སྣ་མང་མཉམ་འདོན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ནས་གང་སར་དྲིལ་བསྒྲགས་དང་། གང་སར་རྣམ་པ་ཟབ་མོ་གཏོད་པ། མི་ཚང་མའི་སེམས་སུ་ཟུག་པ་བཅས་བྱས་པ་རེད།

    མི་རིགས་མཐུན་སྒྲིལ་ཡར་ཐོན་ཉིན་མོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བའི་གཅིག་སྡུད་རྣམ་པའི་སྒྲོག་འགྲེལ་དང་། སྲོལ་རྒྱུན་གྱི་སྨྱན་སྦྱོར་དང་སྨྱན་སྦྱོར་གསར་པས་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་ཀྱི་ཆེད་སྒྲོམ་བཙུགས་ནས་འགུལ་རྣམ་གྱི་སྒྲོག་འགྲེལ་དང་། མི་རིགས་མཐུན་སྒྲིལ་གྱི་ཆེད་དོན་དྲིལ་བསྒྲགས་བསླབ་གཞི་བཟོས་ནས་ཁྲིད་སྟོན་རྣམ་པའི་སྒྲོག་འགྲེལ། རིགས་ཁག་གི་རིག་རྩལ་འཁྲབ་སྟོན་བྱས་ཏེ་རིག་གནས་རྣམ་པའི་སྒྲོག་འགྲེལ། ཕྱོགས་མང་པོར“མི་རིགས་མཐུན་སྒྲིལ་གྱི་ཁྲོམ་གཞུང”དང“མི་རིགས་མཐུན་སྒྲིལ་གྱི་ཐང་ཆེན”བསྐྲུན་ནས་ཡིད་འགུག་རྣམ་པའི་སྒྲོག་འགྲེལ། གྲོང་ཁྱེར་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་ནས་གཟེངས་བསྟོད་རྣམ་པའི་སྒྲོག་འགྲེལ་སོགས་བྱས་པ་རེད།

    ལས་ཁུངས་དང་། སློབ་གྲྭ། སྡེ་ཁུལ། ཁེ་ལས། དགོན་སྡེ། ཞིང་འབྲོག་ཁུལ་བཅས་སུ་བསྐྱོད་དེ་བརྒྱུད་རིམ་ཧྲིལ་པོ་དང་། ཕྱོགས་ཡོངས། ནུས་ཤུགས་ཡོད་རྒུ། ཡོངས་ཁྱབ་བཅས་ཀྱི་སྒོ་ནས་སྒྲོག་འགྲེལ་བྱས་པ་རེད། གཞིས་རྩེ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོའི་སློབ་མ་ཉི་མ་བཀྲ་ཤིས་ཀྱིས“ངེད་ཚོའི་སློབ་གྲྭས་རྣམ་ཀུན་ནས་མི་རིགས་མཐུན་སྒྲིལ་གྱི་འཆད་ཁྲིད་དང་། འགྲན་བསྡུར། རིག་གནས་བར་ཁྱམས་སོགས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས་ངེད་ཚོའི་སློབ་སྦྱོང་དང་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་མ་ཟད་སློབ་མའི་སེམས་ལ་མི་རིགས་མཐུན་སྒྲིལ་གྱི་ས་བོན་འདེབས་ཀྱི་ཡོད”ཅེས་བཤད།

    2 གཤིས་རྒྱུད་དྲང་བའི་སྐྱེ་བོ་ཡི། སྤྱོད་བཟང་འདི་ལ་ཀུན་གྱིས་བསྔགས།

    དཔེ་བཟང་དཔེ་མཚོན་གྱིས་མིག་དཔེ་ལྟ་ས་བཏོད་པ།

    གཞིས་རྩེ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ཀྱི་ལས་དོན་སྤེལ་རིང་དཔེ་མཚོན་བྱས་རྗེས་སྔོག་འདོན་གཏིང་ཟབ་དང་དྲིལ་བསྒྲགས་བྱ་རྒྱུ་ལས་དོན་གསར་གཏོད་ཀྱི་རྨང་གཞིའི་རང་བཞིན་གྱི་ལས་དོན་ལ་བརྩིས་ཏེ་ལས་རིགས་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་བ་ནས་སྔོན་ཐོན་དཔེ་མཚོན་བཏོད་དེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སྔོན་ཐོན་གོང་བཀུར་དང་། སྔོན་ཐོན་ལ་སློབ་སྦྱོང་། སྔོན་ཐོན་བརྩོན་ལེན་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་པ་རེད།

    གང་དུ་མིག་དཔེ་ཡོད་པ་དེ་གར་རྣམ་པ་གསར་པ་ཡོད་ཅིང་། གཞིས་རྩེ་གྲོང་ཁྱེར་གྱིས་བྱས་རྗེས་ཏན་ཏིག་འཇོག་ཐུབ་པ་དང་མང་ཚོགས་ཀྱིས་ཁས་ལེན་པའི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་དཔེ་མཚོན་ཁག་གཅིག་སྔོག་འདོན་མཐའ་འཁྱོངས་བྱས་ནས་ལྐོག་གྱུར་གྱི་ཚད་གཞི་དེ་མངོན་སུམ་གྱི་མ་དཔེར་བསྒྱུར་བ་དང་མི་རིགས་མཐུན་སྒྲིལ་གྱི་ལས་ཀའི་དམིགས་ཚད་མི་གཤིས་ཅན་དང་། གཟུགས་བརྙན་ཅན། ཞིབ་ཕྲ་ཅན་བཅས་སུ་བསྒྱུར་ཐོག་རང་ཉིད་འགྲམ་གྱི་བྱ་བར་བརྟེན་ནས་རང་ཉིད་གམ་གྱི་མིར་སློབ་གསོ་བཏང་བ་རེད།

    2017ལོ་ཁོ་ནར། གཞིས་རྩེ་གྲོང་ཁྱེར་ལ་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་16དང་དཔེ་བཟང་མི་སྒེར་26ལ་གཟེངས་བསྟོད་ཐོབ་པ་དང་། གྲོང་ཁྱེར་རིམ་པའི་དཔེ་བཟང་མཉམ་སྡེབ་34དང་དཔེ་བཟང་མི་སྒེར་59ལ་གཟེངས་བསྟོད་ཐོབ་པ། ཚན་པ་5ལ་གྲོང་ཁྱེར་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་བྱེད་སྒོའི་དཔེ་སྟོན་ཚན་པའི་མིང་ཐོབ་པ། རྫོང་དང་ཆུས་18ལ་རྫོང་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ས་ཚིགས་49བཙུགས་པ། མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ཕྲ་བཏབ་པ་ལྟ་བུའི་སྡེ་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་བརྟན་པོ་བཏང་བ་རེད། མི་རིགས་མཐུན་སྒྲིལ་གྱི་མིག་དཔེའི་སྣེ་ཁྲིད་ནུས་པ་སྔར་བས་གཅིག་སྡུད་དང་འདོན་སྤེལ་བྱེད་བཞིན་ཡོད་པ་རེད།

    3 བཞད་པའི་མེ་ཏོག་ལོ་ལྟར་འདྲ་ནའང་། སྐྱེ་བོའི་ཚོགས་ནི་ལོ་ལྟར་འདྲ་མི་སྲིད།

    མི་རིགས་ཁག་གི་མང་ཚོགས་ཀྱིས་འཕེལ་རྒྱས་ཀྱི་འབྲས་བུ་མཉམ་དུ་སྤྱད་པ།

    འཕེལ་རྒྱས་ནི་མི་རིགས་ས་ཁུལ་གྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་འགག་རྩ་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆ་རྐྱེན་ཧུར་ཐག་བསྐྲུན་ནས་ཐབས་བརྒྱ་ཇུས་སྟོང་ངང་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་བཏང་སྟེ་མི་རིགས་ས་ཁུལ་གྱི་མང་ཚོགས་ལ་རྒྱུན་ཆད་མེད་པར་དངོས་ཕན་ཏན་ཏིག་ཐོབ་ཐབས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཁྱད་ལྡན་ལེགས་ལྡན་ཐོན་ལས་འབོར་ཆེན་ཞིག་སྐྱེད་སྲིང་དང་རོགས་སྐྱོར་ཧུར་ཐག་བྱས་པ་བརྒྱུད་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་ཕྱིན་པ་མ་ཟད། མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་ཀྱི་གཏིང་ཤུགས་ཀྱང་ཆེ་རུ་ཕྱིན་པ་རེད།

    དུས་མཚུངས་མི་རིགས་ས་ཁུལ་མགྱོགས་མྱུར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་བླང་བྱ་དོན་འཁྱོལ་བྱ་ཆེད། གཞིས་རྩེ་གྲོང་ཁྱེར་གྱིས་མཐའ་དར་དམངས་ཕྱུག་གི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་བ་དང་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་འབོར་ཆེན་ཞིག་འཛུགས་སྐྲུན་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་རྫོང་ཚང་མར་གཞུང་ལམ་དང་དུས་གཏན་རླངས་འཁོར་ཤར་གཏོང་ཐུབ་པ་དང་ཤང་ཚང་མར་འོད་ཁྲིད་ཚི་སྐུད་དང་ཁ་པར་ཤར་གཏོང་ཐུབ་ཡོད། འཕྲོད་བསྟེན་དམངས་ཕན་དང་རིག་གནས་དམངས་ཕན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་མཐའ་མཚམས་ས་ཁུལ་གྱི་གྲོང་ཚོ་ཚང་མར་འཕྲོད་བསྟེན་ཁང་དང་གྲོང་ཚོའི་སྨན་པ་ཡོད་པ་དང་དུད་ཚང་ཚང་མར་རླུང་འཕྲིན་དང་བརྙན་འཕྲིན་སོགས་ཡོད་པ་རེད།

    མི་རིགས་ཁག་གི་མང་ཚོགས་ཀྱིས་སྒྱུར་བཅོས་འཕེལ་རྒྱས་ཀྱི་འབྲས་བུ་མཉམ་སྤྱོད་དང་མི་རིགས་ཁག་གི་མང་ཚོགས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱུང་ཚེ་གཞི་ནས་མི་རིགས་མཐུན་སྒྲིལ་གྱི་རྩ་བ་བརྟན་པོ་ཡོང་སྲིད། དེ་ནི་ལོ་རྒྱུས་ཀྱི་སྡོམ་ཚིག་ཡིན་ལ་དོན་དངོས་ཀྱི་འབོད་སྒྲའང་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།