དབུ་ཤོག>གསར་འགྱུར།
  • མཐུན་སྒྲིལ་དང་བརྟན་ལྷིང་ནི་བདེ་སྐྱིད་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ལི་མེའི་དབྱིན།   |     སྤེལ་དུས།  2018-07-06

    རང་ལྗོངས་ནི་བོད་མི་རིགས་འདུས་སྡོད་མང་ཤོས་ཀྱི་ས་ཁུལ་ཞིག་ཡིན་པས། རྒྱལ་ཡོངས་ཀྱི་བོད་རིགས་མི་འབོར་ནང་ནས་45%བཟུང་ཡོད། དེ་གར་བོད་རིགས་ཕུད། ད་དུང་མོན་པ་རིགས་དང་། ལྷོ་པ་རིགས། རྒྱ་རིགས། ཧུད་རིགས་སོགས་དང་དེ་བཞིན་ཏེང་པ་བ་དང་ཤར་པ་སོགས་ཡོད།

    གནའ་སྔ་མོ་ནས་བཟུང་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ནི་སྤྱི་ཚོགས་རིང་ལུགས་བོད་གསར་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ལག་ལེན་དངོས་ལ་ཞུགས་མཁན་དང་སྐུལ་འདེད་གཏོང་མཁན་ཡིན་ལ། ཏང་གི་བྱ་གཞག་གི་བོད་ཀྱི་ལེའུ་དར་རྒྱས་གོང་འཕེལ་བྱུང་ནས་ཐད་ཀར་ཕན་པ་ཐོབ་མཁན་ཡང་རེད། སྨྱུག་འཛིན་པས“མཐུན་སྒྲིལ་དང་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་དང་ཟང་ཟིང་ནི་ཆག་སྒོ་ཡིན་པའི”ལྗིད་ཏིག་ཏིག་གི་སྐད་ཆ་དེ་དོན་འཁྱོལ་ཏན་ཏིག་ཞིབ་ཚགས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་མཐོང་ཐུབ་པ་དང་རྟོགས་ཐུབ་པའི་ཕན་པ་དངོས་སུ་འགྱུར་བར་འགག་རྩ་གཤམ་གྱི་ལས་དོན་དེ་དག་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ།

    གཅིག་ནས་ཏང་གིས་མི་རིགས་ལས་དོན་ལ་འགོ་ཁྲིད་བྱེད་པར་མུ་མཐུད་ཤུགས་སྣོན་རྒྱག་དགོས། དུས་རབས་གསར་པའི་བོད་རིགས་མང་ཚོགས་ཤིག་གི་ངོས་ནས་བརྗོད་ན། ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་པར་ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོང་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་བཅས་བྱས་ཏེ་ཆབ་སྲིད་དང་། བསམ་བློ། བྱ་སྤྱོད་བཅས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་པ་དང་། རང་འགུལ་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་དངོས་ལ་མཛུབ་ཁྲིད་བྱེད་པ། བསམ་བློའི“ཀལ་རྒྱུ”ཆད་གསབ་དང་རང་གཅུན་རྨང་གཞིར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཆབ་སྲིད་ཐོག་གི་གོ་ཤེས་ཅན་ཞིག་བྱེད་དགོས།

    གཉིས་ནས་གསར་གཏོད་བྱེད་སྒོའི་སྒྲིག་འཛུགས་མཐུན་སྦྱོར་དང་། གཟེངས་བསྟོད་བྱ་དགའ། གྲོན་དངུལ་འགན་ལེན་སོགས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་རྣམ་པའི་ཐད་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བ་དང་། ནང་དོན་ཐད་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པ། གྲུབ་འབྲས་ཐད་མང་ཚོགས་དང་མཉམ་སྤྱོད་ཐུབ་པའི་རྩ་དོན་གཞིར་བཟུང་། གཞི་རྟེན་གསར་གཏོད་ཧུར་ཐག་དང་དམ་འཛིན་བྱ་གཞི་གནད་ལ་འཁེལ་པོས་བཙལ་ནས་གསར་གཏོད་བྱེད་སྒོར་མི་རིགས་ཀྱི་ཁྱད་ཆོས་དང་། ས་གནས་ཀྱི་ཁྱད་ཆོས། དུས་རབས་ཀྱི་ཁྱད་ཆོས་བཅས་དེ་བས་ཕུན་སུམ་ཚོགས་པོ་ལྡན་དགོས། མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཕན་པ་ཡོད་པའི་སྤྱི་ཚོགས་ཀྱི་དར་སྲོལ་ཞིག་ཆགས་པ་དང་མི་ཚང་མ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོར་ཞུགས་པ་དང་མི་ཚང་མས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་མཚོན་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཆགས་པར་བྱེད་དགོས།

    གསུམ་ནས་ཤེས་ལྡན་པ་སྣ་ཚོགས་མི་འབོར་ཅུང་ཉུང་བའི་མི་རིགས་ས་ཁུལ་དུ་ལས་དོན་སྒྲུབ་པར་བསྐྱོད་རྒྱུར་ལྕག་སྐུལ་བྱེད་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་བཟོས་ཏེ་ཞིང་འབྲོག་དང་། ཚན་རྩལ། སྨན་བཅོས་འཕྲོད་བསྟེན་སོགས་ཆེད་ལས་ཀྱི་འཕྲལ་མཁོ་ཆེ་བའི་མི་སྣ་དག་མི་འབོར་ཅུང་ཉུང་བའི་མི་རིགས་འདུས་སྡོད་ཁུལ་དུ་ལས་དོན་སྒྲུབ་པར་གང་མགྱོགས་གཏོང་དགོས། མི་འབོར་ཅུང་ཉུང་བའི་མི་རིགས་ས་ཁུལ་གྱི་ས་གནས་དེ་གའི་ལས་བྱེད་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་ལས་བྱེད་པའི་དཔུང་ཁག་གི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སྒྲིག་བྱས་ནས། མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་འཛུགས་སྐྲུན་ལ་སྟོབས་ལྡན་གྱི་ཤེས་ལྡན་པའི་རྒྱབ་སྐྱོར་བྱེད་དགོས། མི་འབོར་ཅུང་ཉུང་བའི་མི་རིགས་ས་ཁུལ་གྱི་ལས་བྱེད་པ་གནས་སྤོར་དང་གོ་མིང་དཔྱད་ཞིབ་གཏན་འཁེལ་སོགས་ལ་གཟིགས་སྐྱོང་དང་ལྟ་རྟོག་ངེས་ཅན་བྱས་ཏེ་མི་འབོར་ཅུང་ཉུང་བའི་མི་རིགས་ས་ཁུལ་གྱི་ལས་བྱེད་པ་སྐྱོད་ཐུབ་པ་དང་། གནས་ཐུབ་པ། ནུས་པ་ཐོན་ཐུབ་པ་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།