དབུ་ཤོག>གསར་འགྱུར།
  • ས་དགའ་རྫོང་གི་ལོ་ཆུང་འཐུས་མི་ཚོཌ་པས་ཅི་ལིན་ཞིང་ཆེན་དུ་མཛའ་མཐུན་སྤེལ་རེས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-04

    ཁ་གཏད་བོད་སྐྱོར་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་བ་དང་ས་དགའ་རྫོང་དང་ཅི་ལིན་ཞིང་ཆེན་སི་ཕིང་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་དབར་གྱི་མཛའ་མཐུན་སྤེལ་རེས་ལ་ཤུགས་སྣོན་རྒྱག་ཆེད། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་གུང་གཞོན་སྡེ་ཚོགས་ཨུ་ཡོན་ལྷན་ཁང་གིས་ས་གནས་དེ་གའི་ལོ་ཆུང་འཐུས་མི་ཚོགས་པ་སྒྲིག་འཛུགས་བྱས་ནས་ཅི་ལིན་ཞིང་ཆེན་སི་ཕིང་གྲོང་ཁྱེར་དུ་མཛའ་མཐུན་སྤེལ་རེས་བྱེད་སྒོ་སྤེལ་བར་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོའི་ཟླ་བདུན་པ་ནས་བཟུང་། ས་དགའ་རྫོང་ཆ་ཚང་སློབ་ཆུང་གི་སློབ་མ་64ཡིས་ཅི་ལིན་ཞིང་ཆེན་སི་ཕིང་གྲོང་ཁྱེར་ཐའེ་ཤིས་ཆུས་ཚོད་ལྟའི་སློབ་ཆུང་གཉིས་པའི་སློབ་མ་ཚོ་དང་ཕན་ཚུན་འཕྲིན་ཡིག་སྤྲིངས་ཏེ་ཆ་སྒྲིག་བྱེད་འགོ་བཙུགས་པ་རེད། ཕྲུ་གུ་ཚོས་འཕྲིན་ཡིག་བརྒྱུད། རང་ཉིད་ཀྱི་ཕུགས་བསམ་ཤོད་རེས་དང་། སློབ་སྦྱོང་གི་མྱོང་བ་མཉམ་གླེང་། འཚོ་བའི་གནས་ཚུལ་ངོ་སྤྲོད་སོགས་བྱས་ཏེ་བོད་རྒྱ་གཉིས་དབར་ལ་མཛའ་མཐུན་གྱི་ཟམ་ཆེན་ཞིག་བསྐྲུན་པ་རེད། ད་ཐེངས་ཀྱི་མཛའ་མཐུན་སྤེལ་རེས་ཀྱི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“རྒྱ་བོད་མི་རིགས་ལག་གདང་དམ་པོར་སྦྲེལ། མཛའ་མཐུན་ངང་ནས་འཚར་ལོངས་བྱེད”ཅེས་པ་དེ་རེད། བྱེད་སྒོ་སྤེལ་རིང་ས་གནས་དེ་གཉིས་ཀྱི་སློབ་ཆུང་སློབ་མ་ཚོས་དགའ་སྤྲོའི་ངང་མཉམ་འཛོམས་ཀྱིས་གླུ་ལེན་གར་འཁྲབ་བྱས་ཤིང་། དེ་སྔོན་མཛའ་མཐུན་ཆ་སྒྲིག་བྱེད་མྱོང་བའི་ས་གནས་དེ་གཉིས་ཀྱི་གདོང་ལེན་རུ་མི་ཚོས་ཕན་ཚུན་ལག་རྟགས་སྤྲོད་རེས་བྱས་པ་མ་ཟད། ད་དུང་མི་རིགས་ཀྱི་ཤེས་བྱ་ཁྱབ་སྤེལ་དང་མི་རིགས་ཀྱི་སྙིང་སྟོབས་བརྒྱུད་སྤེལ་ཡང་བྱས་པ་རེད། སི་ཕིང་གྲོང་ཁྱེར་དུ་སྡོད་རིང་། ས་དགའ་རྫོང་གི་ལོ་ཆུང་འཐུས་མི་ཚོགས་པས་ད་དུང་གྲོང་ཁྱེར་དེའི་འཆར་འགོད་ཁང་དང་། སི་ཕིང་གཡུལ་འགྱེད་དྲན་གསོ་ཁང་། སི་ཕིང་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་གི་སྤྱི་ཚོགས་ལག་ལེན་རྟེན་གཞི། ལི་ཧྲུའུ་རྫོང་ཞིང་ལས་རྟེན་རྫས་བཤམས་མཛོད་ཁང་སོགས་སུ་ལྟ་སྐོར་དང་། སྤེལ་རེས། སློབ་སྦྱོང་བཅས་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། བྱེད་སྒོ་དེས་ས་གནས་དེ་གཉིས་ཀྱི་ལོ་ཆུང་བྱིས་པར་སྤེལ་རེས་བྱེད་ལམ་ཞིག་བསྐྲུན་པ་དང་། དེ་ལས་ཕྲུ་གུ་ཚོས་མེས་རྒྱལ་ཁྱིམ་ཚང་ཆེན་པོར་ཤེས་རྟོགས་དང་དགའ་ཞེན་ཆེ་རུ་ཕྱིན་པ་མ་ཟད། ད་དུང་ཁོ་ཚོར་མི་རིགས་མཐུན་སྒྲིལ་ཡར་ཐོན་ཅེས་པའི་བརྗོད་དོན་གཙོ་བོ་མཆོག་ཏུ་བཟུང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་མདུན་སྒྲུབ་ཕྱིར་སེམས་ཤུགས་གཅིག་ཏུ་སྒྲིལ་དགོས་པའི་ཁྲིད་སྟོན་ཡང་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།