དབུ་ཤོག>གསར་འགྱུར།
  • པེ་ཅིང་ཞེ་ཧོ་སྨན་ཁང་གི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཚོགས་པས་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-02

    ཉིན་ཤས་གོང་། པེ་ཅིང་ཞེ་ཧོ་སྨན་ཁང་ཚད་བརྒལ་སྒྲ་རླབས་གསོ་རིག་ཁོའི་ཏང་ཀྲི་པུས་ལྗོངས་མི་དམངས་སྨན་ཁང་གི་རྒྱང་ཁྲིད་ནད་དཔྱད་ལྟེ་གནས་སུ་རྒྱང་ཁྲིད་ཆ་འཕྲིན་མ་ལག་སྤྱད་ནས། པེ་ཅིང་དང་བོད་ལྗོངས་གཉིས་ཀྱི་ཚོགས་ར་མཉམ་དུ་སྦྲེལ་ནས་ཏང་ཀྲི་པུའི་རྒྱ་ཆེའི་ཚོགས་འདུ་འཚོགས་ཏེ་ཁོའོ་ཧྲི་འཕེལ་རྒྱས་ཁྲོད་ཀྱི་དཀའ་ངལ་དང་ཐག་གཅོད་བྱེད་ཐབས་ཐད་བགྲོ་གླེང་གཏིང་ཟབ་བྱས་པ་དང་། རང་ལྗོངས་ཀྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ་དང་སྦྲགས། ཚད་བརྒལ་སྒྲ་རླབས་ཀྱི་རྨང་གཞིའི་གསོ་སྦྱོང་འཛིན་གྲྭ་ཡང་གཉེར་བ་རེད།

    པེ་ཅིང་ཞེ་ཧོ་སྨན་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་ཅང་ཡུས་ཤིན་གྱིས་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། བོད་ལ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ལེགས་པར་སྒྲུབ་པ་དང་། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་བཟང་སྒྲིག་གིས་བོད་ཀྱི་སྒྲ་རླབས་གསོ་རིག་འཕེལ་རྒྱས་ལ་རོགས་འདེགས་བྱེད་དགོས་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།