དབུ་ཤོག>གསར་འགྱུར།
  • བློ་མཐུན་ཝང་ཞའོ་ཅང་ལ“དུས་རབས་ཀྱི་མིག་དཔེའི”གཟི་བརྗིད་མཚན་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-06-29

    བློ་མཐུན་ཝང་ཞའོ་ཅང་ནི་བོད་ལྗོངས་གློག་ཤུགས་འཛུགས་སྐྲུན་འཐབ་ཕྱོགས་ཀྱི་ལས་མི་རྒན་གྲས་ཤིག་ཡིན་ཞིང་། 1994ལོར་ཁོང་གིས་ཀྲུང་དབྱང་གི་བོད་སྐྱོར་ལས་དོན་གྱི་འབོད་སྐུལ་དང་ལེན་ཞུས་ནས་བོད་ལྗོངས་གློག་ཤུགས་འཛུགས་སྐྲུན་གྱི་ཚ་རླབས་ནང་ཞུགས་ཏེ་ལོ་ཉི་ཤུ་རྩ་བཞི་ལས་ཀ་བྱས་ཡོད། ལོ་ཉི་ཤུ་རྩ་བཞིའི་རིང་། ཁོང་གིས་མི་སྒེར་གྱི་ཁེ་ཕན་དོན་གཉེར་མ་བྱས་པར་ལ་བརྒྱབ་ཀླུང་བརྒལ་གྱིས་ལོ་མང་རིང་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་དུ་བསྐྱོད་པ་དང་། བོད་ཀྱི་གློག་ཤུགས་འཛུགས་སྐྲུན་ལས་ཡུལ་ཆེ་གྲས་ཁག་ཏུ་འབད་འཐབ་བྱས་ནས། ལས་རོགས་ཚོ་དང་མཉམ་དུ་ཆུ་ཤུགས་གློག་ཁང་6དང་། གློག་སྒྱུར་ས་ཚིགས་12 སྤྱི་ལེ་1600ལྷག་ཙམ་ཟིན་པའི་གློག་འདྲེན་གློག་སྐུད་བཅས་འཛུགས་སྐྲུན་གྱི་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱས། ལོ་ཉི་ཤུ་རྩ་བཞིའི་རིང་། ཁོང་གིས་ཐོག་མཐའ་བར་གསུམ་དུ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ལ་བརྟེན་ནས་རང་ཉིད་ལ་སྐུལ་ལྕག་བྱས་ཏེ་ཚོགས་པའི་སྣེ་ཁྲིད་དེ་གཞན་གྱི་སྔོན་དུ་སྐྱོད་པ་དང་འགག་སྒྲོལ་དཀའ་སེལ་བྱས་ནས་བྲེལ་མྱུར་ངང་དཀའ་ལས་དང་ཉེན་ཁ་ཆེ་བའི་ལས་འགན་མང་པོ་ལེགས་སྒྲུབ་བྱས་ནས་བོད་ཀྱི་གློག་ཤུགས་བྱ་གཞག་འཕེལ་རྒྱས་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་པས། ས་མཐོའི་ས་གཞི་ཆེན་པོའི་དུད་ཚང་ཁྲི་སྟོང་མང་པོར་འོད་སྣང་འཕྲོ་ཐུབ་ཡོད་ལ། མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ནང་འོད་སྣང་འཕྲོ་ཐུབ་ཡོད།

    བློ་མཐུན་ཝང་ཞའོ་ཅང་ནི་རང་ལྗོངས་ཀྱི་ཤེས་ཡོན་ཡོད་པ་དང་། རྩལ་ནུས་ཡོད་པ། གསར་གཏོད་ཐུབ་པ་བཅས་ཀྱི་ངལ་རྩོལ་པའི་ཕུལ་བྱུང་གི་འཐུས་མི་ཞིག་ཡིན་པ་དང་། དམངས་ཕྱུག་བོད་དར་དང་ཡུན་རིང་བོད་སྐྲུན་གྱི་ཕུལ་བྱུང་གི་འཐུས་མི་ཞིག་རེད། ཁོང་གིས་བྱ་སྤྱོད་ངོ་མའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ངལ་རྩོལ་ནི་གཟི་བརྗིད་ཆེ་ཤོས་དང་། ངལ་རྩོལ་ནི་མཆོག་ཏུ་གྱུར་ཤོས། ངལ་རྩོལ་ནི་རླབས་ཆེ་ཤོས། ངལ་རྩོལ་ནི་མཛེས་ཤོས”བཅས་ཡིན་པའི་དགོངས་པ་གལ་ཆེན་གསོན་ཉམས་ལྡན་པའི་ངང་མངོན་པར་བྱས་ཏེ། དུས་རབས་གསར་པའི་ངལ་རྩོལ་པའི་བསྟོད་གླུ་བརྩམས་ཡོད། བློ་མཐུན་ཝང་ཞའོ་ཅང་གི་སྔོན་ཐོན་བྱས་རྗེས་དང་བླ་ན་མེད་པའི་ཀུན་སྤྱོད་དྲིལ་བསྒྲགས་གཏིང་ཟབ་བྱས་ནས། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས” ངལ་རྩོལ་པའི་སྙིང་སྟོབས་དང་བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་ཆེད། རང་སྐྱོང་ལྗོངས་བསམ་པའི་དཔལ་ཡོན་ཨུ་ལྷན་གྱིས་བློ་མཐུན་ཝང་ཞའོ་ཅང་ལ“དུས་རབས་ཀྱི་མིག་དཔེའི”གཟི་བརྗིད་མཚན་སྙན་སྤྲད་དེ་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་ཁོང་ལ་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད།

    འཇིག་རྟེན་ཁམས་ཀྱི་མཛེས་སྡུག་ལྡན་པའི་ཕུགས་འདུན་ནི་ཚུལ་མཐུན་ངལ་རྩོལ་ལ་བརྟེན་ནས་མངོན་འགྱུར་ཐུབ། འཕེལ་རྒྱས་ཁྲོད་ཀྱི་དཀའ་གནད་སྣ་ཚོགས་ཚུལ་མཐུན་ངལ་རྩོལ་ལ་བརྟེན་ནས་སེལ་ཐུབ། མི་ཚེའི་ཁྲོད་ཀྱི་གཟི་བརྗིད་དག་ཚུལ་མཐུན་ངལ་རྩོལ་ལ་བརྟེན་ནས་གཏོད་ཐུབ། དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་དང་འགོ་འཛུགས་ས་གསར་པའི་ཐོག་ང་ཚོས་བློ་མཐུན་ཝང་ཞའོ་ཅང་མིག་དཔེར་བཟུང་ནས་མེས་རྒྱལ་ལ་དགའ་ཞེན་དང་། བོད་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན་བཅས་བྱེད་པའི་ཁོང་གི་བླ་ན་མེད་པའི་བསམ་ཚུལ་ལ་སློབ་སྦྱོང་དང་། ས་མཐོར་གཞི་ཚུགས་ནས་བོད་ལྗོངས་འཛུགས་སྐྲུན་ཆེད་ལང་ཚོ་སྐྱེས་སུ་འབུལ་བའི་སྙིང་སྟོབས་ལ་སློབ་སྦྱོང་། དཀའ་སྤྱད་བརྩོན་ཞིབ་ཀྱིས་ཕུལ་བྱུང་བརྩོན་ལེན་དང་ཡང་རྩེར་སྙེག་པའི་ཁོང་གི་ལས་བཀུར་གྱི་སྙིང་སྟོབས་ལ་སློབ་སྦྱོང་བཅས་བྱས་ཏེ། རང་འཁྲིའི་ལས་ཀར་གཞི་ཚུགས་ནས་སྤྱི་ཡོངས་ལ་བསམ་བློ་གཏོང་བ་དང་། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་འབད་འཐབ་ཧུར་ཐག་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་། ཕྱོཌ་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་ཐད་རང་རྟོགས་ངང་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཐུབ་པ་དང་། མི་ཚེའི་ཕུགས་བསམ་དང་ཁྱིམ་ཚང་གི་བདེ་སྐྱིད་དེ་རྒྱལ་ཁབ་འབྱོར་ཕྱུག་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཁྲོད་མཉམ་འདྲེས་ཐུབ་པ། ཏང་གི་སྲིད་ཇུས་དང་རང་སྟོབས་རང་འཕེལ་དང་ལས་བརྩོན་ཕྱུག་འགྱུར་ཟུང་འབྲེལ་བྱེད་པ། མི་སྒེར་གྱི་ཕུགས་འདུན་དང་ཀྲུང་གོའི་ཕུགས་འདུན་ཟུང་འབྲེལ་དམ་ཟབ་བཅས་བྱས་ཏེ། མེས་རྒྱལ་དང་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་འབད་འཐབ་ལྷོད་མེད་དང་། ནུས་པ་ལེགས་སྐྱེས། བྱས་རྗེས་འཇོག་པ་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་བདག་པོའི་རྣམ་འགྱུར་གྱི་ཐོག་ནས་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས།

    བོད་རང་སྐྱོང་ལྗོངས་བསམ་པའི་དཔལ་ཡོན་སྲོལ་གཏོད་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གིས།

    2018ལོའི་ཟླ་6ཚེས་25ཉིན།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།