དུས་ཡུན་རིང་པོའི་ནང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས་པའི”མཛུབ་སྟོན་གལ་ཆེན་བློ་ལ་བརྟན་པོར་ངེས་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་བ་དང་འཕེལ་རྒྱས་དང་། འདྲ་མཉམ། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་བས་མི་རིགས་ཁག་དབར་ལྟ་རེས་སྲུང་རེས་དང་། བརྩེ་བ་ཟབ་པ། འཆམ་མཐུན་མཉམ་གནས། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་ཉིན་རེ་བཞིན་ཟབ་ཏུ་ཕྱིན་ཞིང་།
འདི་ནི་ཉེ་ཆར་ལྷ་གཞིས་ལྕགས་ལམ་གྱི“ཐང་དང་རྒྱ་གར་གནའ་ལམ་རྟགས་ཅན”དུས་གཏན་མེ་འཁོར་གྱི་མི་རིགས་མཐུན་སྒྲིལ་འཁོར་སྒྲོམ་ནང་སོག་རིགས་ཀྱི་མེ་འཁོར་ཞབས་ཞུ་བ་དང་། རྒྱ་རིགས་ཀྱི་མེ་འཁོར་ཞབས་ཞུ་བ། བོད་རིགས་ཀྱི་མེ་འཁོར་ཞབས་ཞུ་བ་བཅས་ཀྱིས་ཕན་ཚུན་ལས་གོས་ཀྱི་བཟོ་ལྟ་བཟོ་རོགས་བྱེད་བཞིན་པ།