དབུ་ཤོག>གསར་འགྱུར།
  • བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་བོད་ཀྱི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཐད་ཐབས་འདོན་ཇུས་འགོད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2018-06-24

    ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་དུས། ལྗོངས་ཏང་ཨུད་རྩ་འཛུགས་པུའི་འབྲེལ་ཡོད་འགན་ཁུར་བའི་སྣེ་ཁྲིད་འོག་ཀྲུང་དབྱང་རྩ་འཛུགས་པུའུ་དང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་སོགས་བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པ་ཁག་18པ་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་སྟག་གདོང་གྲོང་ཚོ་དང་སྟག་རྩེ་རྫོང་གི་ལྷད་མེད་སྣོད་བཅུད་ཞིང་འབྲོག་པའི་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་དུ་བསྐྱོད་དེ་བོད་ཀྱི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་མ་གཏོང་བ་དང་དེང་རབས་སྣོད་བཅུད་ཞིང་ལས་འགྱིག་ཤོག་དྲོད་ཁང་འདེབས་འཛུགས་ཐོན་ལས་རྟེན་གཞི་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐབས་འདོན་ཇུས་འགོད་དང་སྟོབས་ཤུགས་སྐྱེས་སུ་ཕུལ་བ་རེད།

    བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པ་དང་བཅས་པས་སྟག་རྩེ་རྫོང་གཙང་རྟོགས་ཤང་གི་སྣོད་བཅུད་ཞིང་ལས་འགྱིག་ཤོག་དྲོད་ཁང་ལ་རྟོག་ཞིབ་བྱས་ཤིང་། སྟག་རྩེ་རྫོང་གཙང་རྟོགས་ཤང་གི་སྣོད་བཅུད་ཞིང་ལས་འགྱིག་ཤོག་དྲོད་ཁང་ནི་རིམ་ཁག་སྲིད་གཞུང་གི་རོགས་རམ་འོག་ཞིང་པའི་མཉམ་ལས་ཁང་གི་རྣམ་པ་སྤྱད་པ་ཞིག་ཡིན་པ་དང་། བོད་སྐྱོད་འབུམ་རམས་པའི་ཚོགས་པའི་ནང་གི་ཞིང་ལས། ནགས་ལས་རིགས་གཅིག་མཁས་ཅན་གྱི་མཛུབ་ཁྲིད་འོག་ནང་སའི་འབྲི་ཏ་ས་འཛིན་གྱི་རིགས་དཔེ་སྟོན་ནང་འདྲེན་བྱས་པས་གཞི་ཁྱོན་རགས་ཙམ་ཆགས་པ་དང་། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པ་དང་བཅས་པས། བརྟག་ཞིབ་བྱས་པ་བརྒྱུད་བོད་ཀྱི་དེང་རབས་སྣོད་བཅུད་ཞིང་ལས་འཕེལ་རྒྱས་གཏོང་སྟངས་དང་འབྲེལ་ཡོད་རོགས་སྐྱོར་སྲིད་ཇུས་དང་ཁོར་ཡུག་ས་ཁོངས་ཀྱི་ལེགས་ཆར་བསམ་བློ་གཏིང་ཟབ་བཏང་ནས་དེང་རབས་ཞིང་ལས་དཔལ་འབྱོར་དང་རིག་གནས་ཡུལ་སྐོར་ཐོན་ལས་ཀྱིས་བོད་ཀྱི་དཔལ་འབྱོར་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཐོག་འཁྱོལ་ཐུབ་པའི་ཐབས་ལམ་ཕྱོགས་སྡོམ་གཏིང་ཟབ་བྱས་པ་མ་ཟད། ཞིང་ལས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ་དང་། ཁྱད་ལྡན་ཡུལ་སྐོར་སྤུས་རྟགས་གཏོད་པ། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནད་དོན་ཐད་དགེ་མཚན་ལྡན་པའི་གྲོས་འགོ་བཏོན་པ་རེད།

    དེ་རྗེས་བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པ་དང་བཅས་པས་སྣེའུ་ཁུལ་གསར་སྟག་གདོང་གྲོང་ཚོར་རྟོག་ཞིབ་བྱས་ཤིང་། སྟག་གདོང་གྲོང་ཚོ་ནི་སྣེའུ་ཤང་ཁོངས་གཏོགས་ཀྱི་སྲིད་འཛིན་གྲོང་ཚོ་4ཡི་གྲས་ཤིག་ཡིན་པ་དང་འགྲིམ་འགྲུལ་སྟབས་བདེ་ལ་རང་བྱུང་ཡུལ་ལྗོངས་མཛེས་པ། ལོ་རྒྱུས་རིག་གནས་ཀྱི་རྨང་གཞི་གཏིང་ཟབ་པ་དང་གྲོང་འདབས་ཀྱི་གཟའ་མཇུག་ངལ་གསོའི་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུར་དམིགས་བསལ་ས་བབ་ཀྱི་ལེགས་ཆ་དང་། འགྲིམ་འགྲུལ་གྱི་ལེགས་ཆ། ཐོན་ཁུངས་འབེལ་བའི་ལེགས་ཆ་བཅས་ལྡན་ཡོད། མིག་སྔར་སྟག་གདོང་གྲོང་ཚོའི་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བའི་རྣམ་གྲངས་དེ་ལྷ་སའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དང་། གྲོང་གསེབ་དར་རྒྱས། གནད་སྨིན་དབུལ་སྐྱོར། “གཉིས་བཏོད་དཔེ་སྟོན”བཅས་སྣ་མང་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པ་དང་བཅས་པས་སྟག་གདོང་གྲོང་ཚོའི་གནད་སྨིན་དབུལ་སྐྱོར་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་གཏོད་པའི་གནས་ཚུལ་ལ་བརྟག་དཔྱད་ཞིབ་ཕྲ་བྱས་པས་བོད་ཀྱི་གྲོང་གསེབ་འཛུགས་སྐྲུན་ལ་དགའ་འོས་པའི་འགྱུར་ལྡོག་བྱུང་བ་མཐོང་བ་དང་། སྟག་གདོང་གྲོང་ཚོའི་རྣམ་པ་བཅོས་སྒྲིག་དང་དབུལ་སྐྱོར་གྱི་ཕྱོགས་བསྡུས(ཡུལ་སྐོར)གསར་སྤེལ་རྣམ་གྲངས་ཀྱི་ཉམས་མྱོང་དང་ཕན་འབྲས་ཕྱོགས་སྡོམ་བྱས་ནས་ལྷ་སའི་དཔེ་སྟོན་གྲོང་གསེབ་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་ཆོས་ཉིད་སྔར་བས་གསལ་བཟོ་ཐུབ་ནས་བོད་ཀྱི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཐད་ལག་ལེན་ཐོག་འཁྱོལ་ཐུབ་པའི་གྲོས་འགོ་མང་པོ་བཏོན་ཡོད་པ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག་ཚོགས་ཞུགས་མི་སྣ་ཚོས་སྣེའུ་ཁུལ་གསར་འཕེལ་རྒྱས་དེ་བས་ལེགས་པ་དང་། སྟག་གདོང་གི་ཁྱད་ལྡན་ཡུལ་སྐོར་ཐོན་ལས་འཕེལ་རྒྱས། གནད་སྨིན་དབུལ་སྐྱོར་སོགས་ལ་དམིགས་ནས་ལག་ལེན་ཐོག་འཁྱོལ་ཐུབ་པའི་གྲོས་འགོ་མང་པོ་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།