དབུ་ཤོག>གསར་འགྱུར།
  • ཞི་མཐུན་གྱི་བསྟོད་གླུ་མཉམ་དུ་རྩོམ། འཕེལ་རྒྱས་ཀྱི་ལམ་བུ་མཉམ་དུ་གཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2018-06-22

    ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་གཅིག་ལྕོགས་ལི་ཤིན་གྱིས་2015ལོར་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་ང་ཚོའི་སྨན་ཁང་ལ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོའི་དཔེ་སྟོན་ཚན་པའི”མིང་བཏགས་པ་ནས་བཟུང་། སྨན་ཁང་གིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཡིད་ཆེས་མཚན་སྙན་རྩ་དོན་དུ་འཛིན་པ། སྤུས་ཚད་ལ་བརྟེན་ནས་ཕན་འབྲས་གཏོད་པ། ཞབས་ཞུར་བརྟེན་ནས་སྤྲོ་སྣང་སྦྱིན་པ་བཅས་བྱས་ཏེ་ཚན་རིག་དང་མཐུན་པའི་དོ་དམ་སྤྱད་དེ་དམངས་གཙོའི་ཐབས་ཇུས་འགོད་པའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། སྨན་བཅོས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ། ལེགས་སྐྱེས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། མི་རིགས་མཐུན་སྒྲིལ་ལས་དོན་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཡོད་ཅེས་ངོ་སྤྲོད་བྱས།

    མི་རིགས་མཐུན་སྒྲིལ་གྱི་སློབ་གསོར་ཤུགས་སྣོན་བརྒྱབ་པ།

    མི་རིགས་མཐུན་སྒྲིལ་གྱི་བསམ་བློ་སྨན་ཁང་གི་མི་རིགས་ཁག་གི་ལས་བྱེད་ལས་བཟོའི་སེམས་ནང་གཏིང་ཟབ་ཟུག་པ་བྱ་ཆེད། སྨན་ཁང་གིས་མི་རིགས་སྲིད་ཇུས་སྨན་ཁང་གི་སློབ་སྦྱོང་འཆར་གཞི་དང་ལས་བྱེད་ལས་བཟོའི་ཆབ་སྲིད་སློབ་སྦྱོང་གི་འཆར་གཞིར་བཅུག་སྟེ་ཆེད་དོན་ཟུར་ཁྲིད་དང་། བཞུགས་མོལ་སྤེལ་རེས། སློབ་སྦྱོང་དཔྱད་ཡིག་པར་འགྲེམས་སོགས་གཅིག་སྡུད་གསོ་སྦྱོང་དང་ཁ་ཐོར་སློབ་སྦྱོང་གི་བྱེད་སྟངས་སྤྱད་དེ་རྒྱ་ཆེའི་ལས་བྱེད་ལས་བཟོར་མི་རིགས་སྲིད་ཇུས་ཀྱི་སློབ་སྦྱོང་སློབ་གསོ་བཏང་ནས་ཁོང་ཚོའི་བསམ་བློ་སྔར་བས་གཅིག་གྱུར་ཡོང་བ་བྱས་པ་མ་ཟད། ད་དུང་ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས་ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པ་དང་མི་རིགས་ཁ་ཕྲལ་ལ་ངོ་རྒོལ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་རང་བཞིན་ཆེ་རུ་བཏང་ཡོད།

    སློབ་སྦྱོང་སློབ་གསོར་དམ་འཛིན་བྱེད་པའི་རྨང་གཞིའི་ཐོག་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གིས་བྱེད་སྒོ་གཞི་རྟེན་དུ་བྱེད་པ་དང་། སྨན་ཁང་གི་ཕུལ་བྱུང་རིག་གནས་དར་སྤེལ་གཏོང་བ། མཐུན་སྒྲིལ་ཡར་བརྩོན་གྱི་གོང་བུ་སྒྲིལ་ཤུགས་ཆེ་རུ་གཏོང་བ། མི་རིགས་མཐུན་སྒྲིལ་གྱི་མཉམ་སྤྲོའི་བྱེད་སྒོ་དང་། མི་རིགས་མཐུན་སྒྲིལ་གྱི་ཤེས་བྱའི་འགྲན་བསྡུར། གསར་བརྗེའི་གླུ་གཞས་ལེན་པ། ནག་པང་ཚགས་པར་འགྲན་བསྡུར། གཏམ་བཤད་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་རྟག་ཏུ་སྤེལ་ནས་མི་རིགས་ཁག་གི་ལས་བྱེད་ལས་བཟོར་རོལ་རྩེད་ཀྱི་ཞོར་ལ་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་ཐེབས་པ་བྱས་ཡོད།

    དྲོ་སྐྱིད་ལྡན་པའི་ཞི་མཐུན་ཁྱིམ་ཚང་ཆེན་པོ་བཏོད་པ།

    ཞབས་ཞུའི་རྣམ་འགྱུར་ནི་ཞབས་ཞུའི་སྤུས་ཚད་མཚོན་པའི་རྨང་གཞི་ཡིན། སྤུས་ལེགས་ཀྱི་ཞབས་ཞུ་ནི་ཞབས་ཞུའི་རྣམ་འགྱུར་བཟང་པོ་ནས་འགོ་འཛུགས་དགོས། ཉེ་བའི་ལོ་ཤས་རིང་སྨན་ཁང་དང་ནད་པའི་དབར་གྱི་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། སྨན་ཁང་དང་ནད་པའི་འབྲེལ་བ་ཞི་མཐུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྨན་ཁང་གིས་རྒྱུན་གཏན་གྱི་ལས་སྒྲུབ་སྐད་ཆ་དང་ཞུབས་ཞུའི་སྐད་ཆ་སློབ་སྦྱོང་གི་ནང་དོན་ལ་བརྩི་བ་བཅས་བྱས་ཏེ“སྐད་ཡིག་གཉིས”ཀྱི་སློབ་གཞི་རྩོམ་སྒྲིག་པར་འདེབས་བྱས་པ་དང་ཚན་པའི་ཞོགས་ཚོགས་དང་ཁོམ་པ་སྤྱད་དེ་ཚན་པའི་སྨན་དོན་མི་སྣ་སྒྲིག་འཛུགས་ཀྱིས་སློབ་སྦྱོང་བྱེད་ཀྱི་ཡོད། གཙོ་བོ་བོད་ཡིག་སློབ་སྦྱོང་བྱེད་པའི་ཐད་གྲངས་ཉུང་མི་རིགས་ཀྱི་ལས་བཟོས་རྒྱ་རིགས་ལས་བཟོའི་དགེ་རྒན་བྱས་ཏེ“སྐད་ཡིག་གཉིས”སྤྱོད་ནུས་ཆེ་རུ་གཏོང་བ་དང་ཆབས་ཅིག་མི་རིགས་མཐུན་སྒྲིལ་ཟབ་ཏུ་བཏང་ནས“སྐད་ཡིག་གཉིས”སློབ་སྦྱོང་གི་རྣམ་པ་བཟང་པོ་བཏོད་ཡོད་ལ། སྨན་ཁང་དང་ནད་པའི་འབྲེལ་བ་ཞི་མཐུན་འཕེལ་རྒྱས་ལ་སྐུལ་འདེད་ཀྱང་བཏང་ཡོད།

    ནད་པར་སེམས་ཁུར་བྱེད་པ་ནི་རང་འཁྲིའི་ལས་ཀ་ཡིན། འོན་ཀྱང་སྨན་ཁང་གིས་ལས་བྱེད་ལས་བཟོར་སེམས་ཁུར་བྱ་རྒྱུར་སྣང་ཆེན་བྱེད་ཀྱི་ཡོད། སྨན་ཁང་གི་ལས་བྱེད་ལས་བཟོའི་གཉེན་ཉེའི་ལས་ཞུགས་གནད་དོན་ཞི་ལྷོད་དུ་གཏོང་བ་དང་ལས་ཞུགས་གོ་སྐབས་མང་དུ་གཏོང་ཆེད། སྨན་ཁང་གིས་ལས་ཀའི་དགོས་མཁོ་གཞིར་བཟུང་མི་རིགས་ཁག་གི་ལས་བཟོ་105བསྡུས་ནས་སྨན་ཁང་གི་ལས་བྱེད་ལས་བཟོ་བའི་དཀའ་ངལ་ཁག་གཅིག་བསལ་ནས་སྨན་ཁང་འཛུགས་སྐྲུན་ལ་དེ་བས་ལེགས་པའི་སྒོ་ནས་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཐུབ་པ་བྱས་ཡོད། སྨན་ཁང་གི་ལས་བྱེད་ལས་བཟོ་དང་ནང་མི་ནད་ཀྱིས་མནར་ནས་སྨན་ཁང་དུ་ལུས་ཚེ། སྨན་ཁང་གི་བཟོ་ཚོགས་ཀྱིས་འཚམས་འདྲའི་དངོས་པོ་ཉོས་ནས་འཚམས་འདྲིར་འགྲོ་བ་དང་། སྨན་རིན་འཕྲལ་མཁོ་ཆེན་པོ་བྱུང་བའི་ལས་བཟོར་སྨན་ཁང་བཟོ་ཚོགས་ཀྱིས་ལས་བཟོ་ཡོངས་ལ་ཞལ་འདེབས་རྒྱག་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད། “དུས་ཆེན་ཆེན་པོ་གསུམ”འཆར་རིམ་བཞིན་སྨན་ཁང་གི་འགོ་ཁྲིད་ཚོས་རྒན་ཡོལ་ཞུས་པའི་ལས་བཟོ་དང་དཀའ་ངལ་ཡོད་པའི་ལས་བཟོའི་ཁྱིམ་དུ་འཚམས་འདྲིར་བསྐྱོད་དེ་དུས་ཆེན་གྱི་སྨོན་འདུན་ཞུ་བ་སོགས་བྱེད་ཀྱི་ཡོད། དྲོ་སྐྱིད་ལྡན་པའི་བྱེད་སྟངས་དེ་དག་བརྒྱུད་སྨན་ཁང་གི་ལས་བྱེད་ལས་བཟོར་སྨན་ཁང་གི“ཁྱིམ་ཚང་ཆེན་པོའི”དྲོ་སྐྱིད་ཚོར་ཡོད།

    མི་རིགས་མཐུན་སྒྲིལ་གཏོད་པའི་ལས་དོན་གཏིང་ཟབ་སྤེལ་བ།

    ལོ་བཅུ་གྲངས་རིང་། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གིས“གཤམ་སྤེལ་ལྔའི”བྱེད་སྒོ་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་ནས་མོན་པ་དང་ལྷོ་པ་སོགས་ཀྱི་གྲངས་ཉུང་མི་རིགས་གནས་སའི་མེ་ཏོག་རྫོང་དང་རྫ་ཡུལ་རྫོང་དུ་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བ་དང་། ཡུལ་དེའི་མང་ཚོགས་ལ་སྐོར་སྐྱོད་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བ་དང་སྦྲགས། རིམ་རྩིས་བྱས་ན། སྣང་རྫོང་འཁྲུངས་ཁང་གྲོང་ཚོ་དང་སྣང་རྫོང་སྣང་གྲོང་རྡལ་གྱི་ཐོགས་མེད་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མ་དངུལ་སྒོར་ཁྲི་30བཏང་སྟེ་གྲོང་ཚོའི་འཕྲོད་བསྟེན་ཁང་ལ་སྒྲོག་རྩེ་རྐུབ་བཀྱག་དང་སྨན་ཆུ་སྒྲོག་ས་སོགས་ཀྱི་སྒྲིག་ཆས་མང་དུ་བཏང་བ་མ་ཟད། མང་ཚོགས་ཀྱི་རང་འབབ་ཆུ་ཀ་ལ་སོགས་ཀྱི་གནད་དོན་ཡང་བསལ་བ་རེད།

    མིག་སྔའི་བར་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ཐག་རིང་ཞིང་འབྲོག་ཁུལ་དུ་བསྐྱོད་དེ་གྲངས་ཉུང་མི་རིགས་མང་ཚོགས་ལ་སྐོར་སྐྱོད་སྨན་བཅོས་ཀྱི་གཤམ་སྤེལ་བྱེད་སྒོ་ཐེངས་87སྤེལ་བ་དང་། མང་ཚོགས་མི་ཐེངས་9000ལྷག་ཙམ་ལ་འོས་འགན་སྨན་བཅོས་བྱས་པར་རིམ་རྩིས་བརྒྱབ་ན་ནད་པར་བརྟག་དཔྱད་དང་སྨན་རིན་སྒོར་ཁྲི་82ལྷག་ཙམ་གྲོན་ཆུང་ཐུབ་ཡོད། གྲངས་ཉུང་མི་རིགས་ཀྱི་དཀའ་ངལ་ཡོད་པའི་ནད་པ་མི་ཐེངས་67ལ་སྨན་ཡོན་མི་དགོས་པར་སྨན་བཅོས་བྱས་པ་དང་སྨན་ཁང་དུ་བསྡད་པའི་གྲོན་དངུལ་སྣ་ཚོགས་སྒོར་ཁྲི་54.6རྩ་ཆག་བཏང་ཡོད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།