དབུ་ཤོག>གསར་འགྱུར།
  • བློ་སེམས་གཅིག་མཐུན་གྱིས་བདེ་སྐྱིད་འཚོ་བ་བཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-06-22

    ལོ་30ལྷག་ཙམ་གྱི་སྔོན་དུ་ན་གཞོན་ཧོ་ཐེན་ཁུའེ་དཔུང་སྡེར་དམག་སྐུལ་དང་ལེན་ཞུས་ནས་ལོ་3སོང་རྗེས་ལས་ཀའི་དགོས་མཁོའི་དབང་གིས་དཔུང་སྡེའི་ཞིང་རར་ལས་སྒྱུར་བྱས། ཉིང་ཁྲིའི་རབ་དཀར་གྱི་གངས་རི་དང་། ཤིན་ཏུ་སྟུག་པའི་ནགས་ཚལ། མི་སྡོད་ལ་འཚམ་པའི་གནམ་གཤིས་བཅས་ལ་ཁོང་ཡིད་དབང་འཕྲོག་ནས་བོད་རྒྱ་མཐུན་སྒྲིལ་ཁྱིམ་ཚང་གཅིག་གི་བརྩེ་དུང་གི་གཏམ་རྒྱུད་དེའང་བྱུང་ཡོད།

    སྐབས་དེ་དུས་དཔུང་སྡེའི་ཞིང་རས་ཏང་གི་སྲིད་ཇུས་དང་ཕུན་སུམ་ཚོགས་པའི་དམག་དམངས་ཀྱི་ལས་ཞོར་འཚོ་བ་དྲིལ་བསྒྲགས་བྱེད་ཆེད། ཞིང་རར་གློག་བརྙན་རྒྱུན་ཆད་མེད་པར་བསྟན་གྱི་ཡོད། སྨན་རི་གྲོང་ཚོའི་བུ་མོ་བདེ་སྐྱིད་རྟག་ཏུ་གློག་བརྙན་ལྟ་བར་འགྲོ་བ་དེ་གོམས་གཤིས་སུ་གྱུར་བ་མ་ཟད། ཧོ་ཐེན་ཁུའེ་དང་ངོ་ཤེས།

    བདེ་སྐྱིད་ཞིང་ལས་ལ་བྲེལ་སྐབས་ཧོ་ཐེན་ཁུའེ་ཡིས་རྟག་ཏུ་རོགས་པར་སྐྱོད་ཀྱི་ཡོད། སྐབས་དེ་དུས་ཕན་ཚུན་སྐད་བརྡ་འཕྲོད་ཀྱི་མེད་པས་འབྲེལ་བ་བྱེད་ཁག་པོ་ཡོད་རུང་། ཁོ་གཉིས་ཕན་ཚུན་དབར་རྒྱ་སྐད་དང་བོད་སྐད་སློབ་རེས་བྱེད་ཀྱི་ཡོད། བདེ་སྐྱིད་ཁྱིམ་གྱི་འཚོ་བ་སྐྱོ་ཙམ་ཡོད་པ་ཤེས་སྐབས་ཧོ་ཐེན་ཁུའེ་ཡིས་རྟག་ཏུ་རོགས་པ་བྱེད་ཀྱི་ཡོད། དེ་ལྟར་ཁོ་གཉིས་དབར་རིམ་བཞིན་བརྩེ་དུང་ཆགས།

    1993ལོའི་ཟླ་11པར་ཁོ་གཉིས་ལ་ཕྲུ་གུ་བྱུང་ནས་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་དེར་བཀྲ་ཤིས་པའི་བྱ་བ་ཞིག་བསྣན་ཡོད།

    ད་ཆ་བོད་རྒྱ་མཉམ་འདྲེས་ཀྱི་བཟའ་ཚོ་དེ་སྨན་རི་ཤང་དུ་འཚོ་བ་བསྐྱལ་ནས་ལོ་25ཕྱིན་ཟིན་པ་དང་ཏང་ཡོན་དང་དམག་ཞབས་ཐིམས་པའི་དམག་མི་ཞིག་ཡིན་པའི་ངོས་ནས་གྲོང་ཚོའི་ནང་ཧོ་ཐེན་ཁུའེ་ཡིས་རྟག་ཏུ་གྲོང་ཚོའི་ནང་གི་མང་ཚོགས་དབུལ་པོ་ཚོར་ལྟ་རྟོག་བྱེད་ཀྱི་ཡོད་པ་དང་རང་འགུལ་ངང་དགའ་ཉེ་སྤུན་མཆེད་དང་གྲོང་པ་ཁྱིམ་མཚེས་ཚོ་དང་མཐུན་སྒྲིལ་བྱེད་ཀྱི་ཡོད། ཁྱིམ་ཚང་ནང་ཁོང་གཉིས་དབར་ཕན་ཚུན་བརྩི་འཇོག་དང་། མཉམ་དུ་རྒན་རྒོན་ལ་བསྙེན་བཀུར། ཕྲུ་གུ་གསོ་སྐྱོང་དང་སློབ་གསོ་གཏོང་བ་བཅས་བྱེད་ཀྱི་ཡོད་པས་ཚང་མས་ཡིད་སྨོན་བྱེད་ཀྱི་ཡོད་ལ་ཁོང་ཚོའི་སེམས་ནང་གི་མིག་དཔེར་ཡང་གྱུར་བ་མ་ཟད། སྨན་རི་ཤང་སྨན་རི་གྲོང་ཚོའི་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་དུ་དེ་བས་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།