དབུ་ཤོག>གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་སྨན་བཅོས་ཤེས་ལྡན་མི་སྣ་དང་སློབ་གསོའི་ཤེས་ལྡན་མི་སྣའི་ཚོཌ་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་འགོ་ཁྲིད་ཚོཌ་ཆུང་གཞུང་ལས་ཁང་གིས་ཆེད་དོན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-06-19

    ཚེས་15ཉིན་རང་སྐྱོང་ལྗོངས་ཀྱི་སྨན་བཅོས་ཤེས་ལྡན་མི་སྣ་དང་སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཆེད་དོན་ཚོགས་འདུ་འཚོགས་ཏེ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འཚོགས་པའི་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི་ཚོགས་འདུའི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་། ལག་བསྟར་དོན་འཁྱོལ་བྱེད་ཐབས་ཞིབ་འཇུག གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླར་ཡང་སླེབས་རྒྱུར་སྐུལ་འདེད་བཏང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཙེང་དབན་མིང་གིས་གསུང་བཤད་གནང་བ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཚོགས་འདུར་ཕེབས་ཡོད་པ་རེད།

    ཙེང་དབན་མིང་གིས་དམིགས་ཚད་ཕྱོགས་སྟོན་དང་གནད་དོན་ཕྱོགས་སྟོན་མཐའ་འཁྱོངས་བྱས་ཏེ་སེམས་ཤུགས་གཅིག་སྡུད་ཀྱིས་ཞན་ཆ་གསབ་པ་དང་། “སྨན་ཁང་གིས་ཁོའོ་ལ་དོ་དམ་བྱེད་པའི”ལས་དོན་གཏིང་ཟབ་ཏུ་གཏོང་བ། རྒྱབ་ཕྱོགས་ཐོན་ཁུངས་འདོན་སྤེལ་བྱེད་པ་བཅས་བྱས་ནས་རིམ་ལྡན་སྨན་ཁང་བསྐྲུན་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་། བསམ་གཞིག་བྱེད་སྟངས་གསར་གཏོད་བྱས་ནས་སྨན་ཁང་འཕེལ་རྒྱས་ཀྱི“སྒུལ་ཤུགས་འབྱུང་ཁུངས”སྐུལ་སློང་བྱས་ཏེ་ཤེས་ལྡན་མི་སྣའི་རོགས་ཁྲིད་རྣམ་པ་དང་གསོ་སྐྱོང་བྱེད་སྟངས་འཚོལ་ཞིབ་དང་གསར་གཏོད་ཀྱིས་མངགས་ཐོ་རྣམ་པའི་ཁ་ཕྱོགས་གཏན་འཁེལ་གྱི་སློབ་མ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱས་ཏེ“ཐོགས་མེད་བགྲོད་ལམ”དེ་བས་ཤར་གཏོང་ཐུབ་པ་བྱས་ནས་སྒྲིག་ཆས་དང་སྨན་རྫས་ཉོ་སྒྲུབ་བརྒྱུད་རིམ་ལེགས་གཏོང་དང་གོ་མིང་ཡིག་ཐོག་སྙན་ཞུའི་ཆ་རྐྱེན་ཚོད་འཛིན་བྱེད་རྒྱ་ཆུང་དུ་འོས་འཚམ་གཏོང་དགོས་པ། ནང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ“སྤུས་ལེགས་དང་། གྲོན་ཆུང་། ནུས་ཆེ”བཅས་ཀྱི་དམིགས་ཚད་གཞིར་བཟུང་དྲ་ཐོག་ཞབས་ཞུ་མཁོ་འདོན་བྱེད་མགྱོགས་སུ་བཏང་ནས་རིམ་དབྱེའི་ནད་རྟགས་སྨན་བཅོས་ལམ་ལུགས་འཛུགས་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    ཙེང་དབན་མིང་གིས་ལོ་གསུམ་གྱི་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་ཕྱོགས་སྡོམ་བྱས་ཏེ་ཕན་འབྲས་ལ་གདེང་འཇོག་དངོས་ཐོག་བདེན་འཚོལ་དང་། ཧེ་བག་དང་མི་འདང་ས་འཚོལ་ཞིབ་ནན་ཏན། དངོས་འབྲེལ་གོ་ཆོད་པའི་ཐབས་ཤེས་དང་བྱེད་ཐབས་འདོན་དགོས་པ། རིམ་མཐོའི་སྨན་ཁང་གཏོད་པའི་དམིགས་ཚད་ལ་དམ་པོར་དམིགས་ཏེ་དགོས་མཁོ་དང་འཆར་གཞི་འདོན་པ་དང་སྤེལ་རེས་སྦྲེལ་མཐུད་ཧུར་ཐག་བྱས་ནས་ཐོགས་པ་མེད་པ་དང་གོ་རིམ་ལྡན་པའི་ངང་སྨན་བཅོས་ཤེས་ལྡན་མི་སྣ་བརྗེ་རེས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།