དབུ་ཤོག>གསར་འགྱུར།
  • ཀོང་ཏུང་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་རུ་ཁག་གི “1+8ཀྱི་འཆར་གཞིར”གཡུར་ཟའི་གྲུབ་འབྲས་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-06-09

    2016ལོའི་ཟླ་7པར་བོད་དུ་སླེབས་ཚུན། ཀོང་ཏུང་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་དངོས་ཕན་ལ་དམིགས་པ་དང་གསར་གཏོད་ལ་ཤུགས་བརྒྱབ་ནས་གསར་གཏོད་རྣམ་གྲངས་ཀྱི་མ་དངུལ“ཞིབ་དཔྱད་གཉིས་དང་། མིང་རྟགས་གཉིས། དོ་དམ་གཉིས། ཡོངས་ཁྱབ་གཉིས”བཅས་ཀྱི་དོ་དམ་ལམ་སྲོལ་སྣེ་ཁྲིད་དུ་བྱེད་པ་དང་། “འདུ་འགོད་ཆེན་པོ་8”དམ་འཛིན་བྱ་གཞིར་བྱེད་པ། “1+8ཀྱི་བོད་སྐྱོར་བྱ་སྤྱོད་འཆར་གཞིར”བརྟེན་ནས་བོད་སྐྱོར་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་སྒུལ་ཤུགས་ཆེན་པོ་ཞིག་བསྣན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀོང་ཏུང་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་རུ་ཁག་གིས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་བྱ་ཡུལ་ཕྱོགས་གཉིས་ཀྱི“ཞིབ་དཔྱད་གཉིས་དང་། མིང་རྟགས་གཉིས། དོ་དམ་གཉིས། ཡོངས་ཁྱབ་གཉིས”བཅས་ཀྱི་བོད་སྐྱོར་རྣམ་གྲངས་ཀྱི་མ་དངུལ་དོ་དམ་བྱེད་སྟངས་དང་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱེད་པ་དང་དབང་ཆ་དང་འགན་འཁྲི་མཉམ་དུ་འཁུར་རྒྱུ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་བོད་སྐྱོར་རྣམ་གྲངས་འཛུགས་སྐྲུན་དང་མ་དངུལ་དོ་དམ་གྱི་ལས་དོན་དེ་སྔར་བས་ཚན་རིག་དང་མཐུན་པ་དང་། ཚད་དང་མཐུན་པ། ཕན་འབྲས་ཆེ་བ་བཅས་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད། དེའི་རྨང་གཞིའི་ཐོག“འདུ་འགོད་ཆེན་པོ་8”ལ་གཅིག་འདོམས་སྐུལ་འདེད་བཏང་སྟེ། “ཀོང་ཏུང་དང་བོད་ལྗོངས་ཀྱིས་བློ་སེམས་གཅིག་མཐུན་དང་ལག་གདང་སྦྲེལ་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་རྒྱུར”སྐུལ་འདེད་ཧུར་ཐག་བཏང་སྟེ་ཀོང་ཏུང་ཞིང་ཆེན་འབྲེལ་ཡོད་རྫོང་དང་། ཆུས། སྲང་ལམ་བཅས་ཀྱིས་ཉིང་ཁྲི་གྲོང་ཁྱེར་གྱི་ཤང(གྲོང་རྡལ)ཁག་དང་གྲོང་ཚོ(གྲོང་ལྷན)ཁག་དང་ཁ་གཏད་རོགས་སྐྱོར་ལམ་སྲོལ་འཛུགས་རྒྱུར་སྒྲིག་འཛུགས་བྱས་པ་དང་།  མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་ཀོང་ཏུང་ཞིང་ཆེན་གྱི་འཆར་གཞིའི་ནང་མ་ཚུད་པའི་མ་དངུལ་འཕར་མ་སྒོར་དུང་ཕྱུར་3.04བརྩོན་ལེན་བྱས་ནས་ཉིང་ཁྲི་གྲོང་ཁྱེར་ལ་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་8འཛུགས་སྐྲུན་བྱེད་རོགས་བྱས་པ། ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་ཚོགས་སྒྲིག་རྣམ་པའི་སྨན་བཅོས་དང་སློབ་གསོའི་བོད་སྐྱོར་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་རྨང་གཞིའི་ཐོག་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གསར་གཏོད་དང་། སྒྲིག་འཛུགས། ལག་བསྟར་བཅས་བྱེད་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་སྒྲིག་ཁྲིམས་ལག་བསྟར་དང་ཞིབ་དཔྱད་ཤེས་ལྡན་པ་ས་ཕྱོགས་གཉིས་སུ་སྤེལ་རེས་ཐོག་མར་བྱས་ནས་ཞིང་འབྲོག་རིགས་གཅིག་མཁས་ཅན་ཉིང་ཁྲིར་ལག་རྩལ་བོད་སྐྱོར་བྱ་རྒྱུར་གདན་དྲངས་པ། “ཀོང་ཏུང་དང་བོད་ལྗོངས་ཀྱི་བློ་སེམས་གཅིག་མཐུན་གྱི་བུ་བཅོལ་ཁང་གི་དགེ་རྒན་གསོ་སྦྱོང་འདུ་འགོད”ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་ལྗོངས་ཡོངས་ཀྱི་བུ་བཅོལ་ཁང་གི་དགེ་རྒན་4700ལྷག་ཙམ་ཚང་མ་རེས་སྐོར་གསོ་སྦྱོང་བྱས་པ། ཉིང་ཁྲིའི་མཐོ་སློབ་སློབ་ཐོན་སློབ་མ་ཀོང་ཏུང་དུ་བསྐྱོད་དེ་ལས་ཞུགས་ཀྱི“རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་འདུ་འགོད་ལག་བསྟར་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་ཐེམ་ཁུངས་ཉིང་ཁྲི་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་བཏང་བ། “སྐྱ་ཟས་དུས་སུ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི”འདུ་འགོད་ལག་བསྟར་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་ཉིང་ཁྲིའི་ཚོང་དོན་ཞབས་ཞུའི་ཁྲོམ་ར་མུ་མཐུད་དར་རྒྱས་བཏང་བ། “རྒྱལ་ཡོངས་ཀྱི་ཡུལ་སྐོར་བོད་སྐྱོར་འདུ་འགོད”ལག་བསྟར་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་འདི་ལོའི་ཟླ་དང་པོ་ནས་ཟླ་བཞི་པའི་བར་ཉིང་ཁྲི་གྲོང་ཁྱེར་གྱིས་རིམ་རྩིས་བརྒྱབ་ན་ཀོང་ཏུང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་51ལ་སྣེ་ལེན་ཞུས་པ་དེས་སྣེ་ལེན་ཞུས་པའི་ཡུལ་སྐོར་བའི་བསྡོམས་འབོར་གྱི་23.58%བཟུང་ཡོད། ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་ཀྱི་ལས་གྲྭ་ལས་མཇུག་སྒྲིལ་བ་དང་དེ་བཞིན་སྒྲིག་འགལ་གྱི་སྐྲུན་དངོས་བཤིག་པ་སོགས་ཀྱི་གནད་དོན་ཐག་གཅོད་འོས་འཚམ་བྱས་ནས་ཚོང་འགུགས་བཅའ་སྡོད་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་བ་བཅས་རེད།

    ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རྒྱུན་ལས་ཧྲི་ཀྲང་གཞོན་པ། ཀོང་ཏུང་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་རུ་ཁག་གི་རུ་སྣེ་ཁྲིད་མཁན་བཅས་ཡིན་པའི་ཞུས་ཏེན་ཧུའེ་ཡིས། གོམ་སྟབས་རྗེས་མར་ཀོང་ཏུང་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་ཀྲུང་དབྱང་དང་། ཀོང་ཏུང་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མངགས་བཅོལ་གལ་ཆེན་མུ་མཐུད་བློ་ལ་བརྟན་པོར་བཅངས་ཏེ། བོད་སྐྱོར་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་བོད་སྐྱོར་རྣམ་གྲངས་འཛུགས་སྐྲུན་གྱི་འཆར་གཞིར་ནན་པོར་གཞིགས་ནས་རྣམ་གྲངས་འཛུགས་སྐྲུན་གྱི་ལས་འགན་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་ལེགས་གྲུབ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་འབྲེལ་ནང་གནས་ཀྱི་འཕེལ་རྒྱས་སྒུལ་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ“རྒྱུད་རོགས་ཁྲིད་གསུམ”གྱི་ནུས་པ་ཆེ་རུ་གཏོང་བ་དང་། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང“ཀ་པ་རིམ་པ་གསུམ་པར”གཏོད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། རོགས་སྐྱོར་ཐོབ་ཡུལ་གྱི་སློབ་གྲྭའི་སློབ་ཁྲིད་སྤུས་ཚད་དང་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཐོག་ནས་ཞིང་འབྲོག་ལས་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ། ཚན་རྩལ་བོད་སྐྱོར་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཞིང་ལས་ཚན་རྩལ་གླིང་འཛུགས་རྒྱུར་རོགས་རམ་བྱེད་པ་དང་ཆེད་ལས་ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་དང་ཚན་ཞིབ་རྣམ་གྲངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཉིང་ཁྲིའི་ཚན་རྩལ་ཕྱོགས་བསྡུས་དང་གསར་གཏོད་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་རྒྱུ། ལས་བྱེད་པའི་ཤེས་ལྡན་མི་སྣའི་དཔུང་ཁག་ལ་དོ་དམ་ནན་པོ་བྱེད་པ་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཀོང་ཏུང་གི་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣའི་དཔུང་ཁག་གི་གཟུགས་བརྙན་ཡག་པོ་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།