དབུ་ཤོག>གསར་འགྱུར།
  • “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་གནད་སྨིན་དབུལ་སྐྱོར་ལ་ཕན་སྐུལ་བྱེད་པའི”བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-06-06

    ཉིན་ཤས་གོང་། ཆབ་མདོ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་རྒན་དང་ལས་བཟོ་170ལྷག་ཙམ་སློབ་གྲྭའི་ཐང་ཆེན་དུ“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་གནད་སྨིན་དབུལ་སྐྱོར་ལ་ཕན་སྐུལ་བྱེད་པའི”བྱེད་སྒོར་ཞུགས་པ་རེད།

    ཆབ་མདོ་གྲོང་ཁྱེར་ལས་རིགས་སློབ་གྲྭས《ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་པའི“གཤམ་སྤེལ་དགུའི”བྱེད་སྒོའི་ལག་བསྟར་ཇུས་གཞི》དང་ཟུང་འབྲེལ་དམ་ཟབ་བྱས་པ་དང་། སློབ་གྲྭའི་དགེ་རྒན་སྒྲིག་འཛུགས་བྱས་ནས་དབུལ་སྐྱོར་བྱ་ཡུལ་ལ་གྱོན་གོས་ཞལ་འདེབས་བརྒྱབ་པ་རེད། ད་རེས་ཀྱི་བྱེད་སྒོ་ནི་ཆབ་མདོ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་གྱི“གཤམ་སྤེལ་དགུའི”བྱེད་སྒོ་རབ་དང་རིམ་པ་སློབ་གྲྭར་སྤེལ་བའི་མཚོན་ཚུལ་ཞིག་ཡིན་པ་དང་། གྲོང་ཁྱེར་དེར་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཟབ་མོ་ཉིན་བཞིན་ཆེ་རུ་འགྲོ་བའང་མཚོན་ཡོད། ཞལ་འདེབས་བྱེད་སྒོ་སྤེལ་བ་བརྒྱུད་དགེ་རྒན་རྣམས་སྔར་བས་མཉམ་འདྲེས་དང་། སློབ་ཕྲུག་རྣམས་ཀྱིས་ཕན་ཚུན་རོགས་རེས་དང་ལེགས་སྐྱེས་འབུལ་སྤྲོ་བའི་སྙིང་སྟོབས་སྦྱོང་ཐུབ་པ། རོགས་རམ་ཐོབ་པའི་མང་ཚོགས་ལ་མི་རིགས་མང་བའི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཚོར་བ། “ཁ་འབྲལ་ཐབས་མེད་པ་གསུམ”དང“རྒྱ་བོད་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་པ”སོགས་ཀྱི་བསམ་བློ་མི་སེམས་སུ་ཟུག་པ་བཅས་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།