དབུ་ཤོག>གསར་འགྱུར།
  • བློ་སེམས་གཅིག་ཏུ་བསྒྲིལ་ནས་གསར་གཏོད་བྱས། དར་རྒྱས་གོང་འཕེལ་ལས་ལ་སྐུལ་འདེད་བཏང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-06-06

    ཆབ་མདོ་གྲོང་ཨུད་སྐབས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི“གྲོང་ཁྱེར་བདུན་མཉམ་གཏོད”ཀྱི་ལས་དོན་སྤེལ་འགོ་ཚུགས་ཚུན། གྲོང་ཁྱེར་དེས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་རྒྱུ་ཡིན་པ་དངོས་སུ་བཏོན་ཡོད། གཏོད་པའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱས་ནས་སྤྱོད་གོ་ཆོད་པའི་ལས་ཀའི་བྱེད་ཐབས་ནུས་ལྡན་བཏོན་པས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་པའི་ལས་དོན་གྱི་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་བ་རེད།

    དམིགས་ཚད་ལ་གཞི་ཚུགས་པ་དང་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་གཏོད་འཛུགས་ཀྱི་རྨང་གཞི་བརྟན་དུ་བཏང་བ།

    2017ལོའི་ཟླ་4པར་ཆབ་མདོ་གྲོང་ཁྱེར་འདི་ཉིད་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་པའི་ལས་ཀ་གྲ་སྒྲིག་དུས་མཚམས་སུ་སླེབས་ཡོད། གཏོད་འཛུགས་ལས་ཀའི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་ཆེད། ཆབ་མདོ་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་པའི་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་གྱི་ཡར་ཐོན་གཏོད་འཛུགས་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་རིམ་པ་བཞིན་བཙུགས་པས་གྲོང་ཁྱེར་དང་རྫོང་ཆུས་ཀྱི་གཏོད་འཛུགས་ལས་ཀའི་སྒྲིག་གཞི་འཐུས་སྒོ་ཚང་དུ་ཕྱིན་ཡོད་པ་རེད།

    དེ་རྗེས《ཆབ་མདོ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་པའི་སྤྱིའི་ལག་བསྟར་ཇུས་གཞི(ཚོད་ལྟའི་ལག་བསྟར)》དང《ཆབ་མདོ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་པའི“གཤམ་སྤེལ་དགུའི”བྱེད་སྒོའི་ལག་བསྟར་ཇུས་གཞི(ཚོད་ལྟའི་ལག་བསྟར)》དེ་བཞིན《ཆབ་མདོ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་པའི་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཀྱི་དམིགས་ཚད(ཚོད་ལྟའི་ལག་བསྟར)》བཏོན་ནས་གཏོད་འཛུགས་ཀྱི་དམིགས་ཚད་དང་། བླང་བྱ་། མི་སྣ། བཀོད་སྒྲིག ལས་འགན་ཁག་བགོས་སོགས་ཐད་བླང་བྱ་ཁ་གསལ་བཏོན་པ་རེད།

    ལྕགས་རྡུང་བར་ཐོ་བ་མཁྲེགས་པོ་དགོས། ཆབ་མདོ་གྲོང་ཁྱེར་གཏོད་འཛུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་སྔ་རྗེས་སུ་གོང་རིམ་ཡིག་ཆའི་དགོངས་དོན་དང་དཔེ་སྟོན་གྲོང་ཁྱེར་གཏོད་པའི་ཚད་གཞིར་དམ་པོར་དམིགས་ནས་དེའི་ནང་དོན་སློབ་སྦྱོང་གཏིང་ཟབ་དང་། མཐར་ཕྱིན་པ་སྦྱོང་བ། མཐར་ཕྱིན་པ་ཤེས་པ་དང་། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་ཆ་འཕྲིན་དང་ཐོན་ཁུངས་འཚོལ་བསྡུ། རྒྱལ་ཡོངས་ཀྱི་སྤུན་ཟླའི་གྲོང་ཁྱེར་དང་ཀྲོའུ་ཡི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་པའི་སྔོན་ཐོན་བྱེད་ཐབས་དང་དཔེ་མཚོན་ཉམས་མྱོང་ལ་ཞིབ་འཇུག་དང་དབྱེ་ཞིབ་གཏིང་ཟབ་བཅས་བྱས་ཏེ་ཆབ་མདོའི་དོན་དངོས་དང་མཐུན་པའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་པའི་བསམ་འཆར་དང་ཐབས་ཇུས་སྔར་བས་གདམ་གསེས་དང་གསེད་བཀྲོལ་བྱས་ཡོད།

    དྲིལ་བསྒྲགས་རྒྱ་ཁྱབ་དང་མི་ཚང་མ་ཞུགས་ནས་མཉམ་འདྲེས་ཀྱི་རྣམ་པ་བཏོད་པ།

    2018ལོའི་ཟླ་5ཚེས་13ཉིན་ཆབ་མདོ་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་གཏོད་འདེམས་གཞུང་དོན་ཁང་གིས་གྲོང་ཁྱེར་སློབ་གསོ་ཅུས་དང་ལས་རིགས་སློབ་གྲྭས་གཉེར་བའི“ལག་རྩལ་མི་སྣ་གསོ་སྦྱོང་དང་མཐུན་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་མ་གཏོང”ཞེས་པའི་བརྗོད་དོན་གཙོ་བོའི་ལས་རིགས་སློབ་གསོའི་རྩལ་ནུས་གཟའ་འཁོར་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་རྒྱ་ཆེའི་དགེ་སློབ་དང་གྲོང་མིའི་འཐུས་མི་དང་དེ་བཞིན་མང་ཚོགས་གཞན་ལ་དྲིལ་བསྒྲགས་སློབ་གསོ་སྤེལ་བ་རེད།

    གཏོད་འཛུགས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་དུས་ཆེན་ཆེ་གྲས་མཚམས་ཚིགས་སུ་བྱས་ཏེ་སྤྱི་ཚོགས་ཀྱི་གོང་འོག་ཚང་མར“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་། མཛེས་སྡུག་ལྡན་པའི་ཆབ་མདོ་འཛུགས་སྐྲུན”གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    གཞན་ཡང་། ཆབ་མདོ་གྲོང་ཁྱེར་གྱིས་ལོ་ལྟར་དུས་བཀག་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་བྱེད་སྒོ་རེ་སྤེལ་ནས་མི་ཚང་མས་མི་རིགས་མཐུན་སྒྲིལ་ལ་ལེགས་སྐྱེས་འབུལ་བའི་ཕྱོགས་སྟོན་ཡག་པོ་བཏོད་ཡོད།

    བྱེད་ཐབས་གསར་གཏོད་དང་ཚོད་ལྟར་སྐུལ་གཏོང་གིས་གཏོད་འཛུགས་མི་སེམས་སུ་ཟུག་པར་བྱས་པ།

    མི་རིགས་མཐུན་སྒྲིལ་གཏོད་འཛུགས་ཀྱི་“གཤམ་སྤེལ་དགུའི”ནང་གི“སློབ་གྲྭར་སྤེལ་བའི་”བྱེད་སྒོ་ནི་ཆབ་མདོ་གྲོང་ཁྱེར་སློབ་གསོའི་ཁོངས་གཏོགས་ཀྱིས་བུ་བཅོལ་ཁང་དང་། སློབ་ཆུང་། དམའ་རིམ་སློབ་འབྲིང་། མཐོ་རིམ་སློབ་འབྲིང་། དེ་བཞིན་དམིགས་བསལ་སློབ་གྲྭ་སོགས་ཀྱི་སློབ་མ་སོ་སོའི་ལུས་སེམས་འཕེལ་རྒྱས་ཀྱི་ཁྱད་ཆོས་ལ་གཞིགས་ནས་དགེ་སློབ་ཀྱི་མི་རིགས་མཐུན་སྒྲིལ་གྱི་ལྟ་ཚུལ་ལ་ཤུགས་སྣོན་རྒྱག་རྒྱུ་བརྗོད་དོན་གཙོ་བོར་བྱས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞི”དང་ཟུང་འབྲེལ་གང་ལེགས་བྱས་པ་ཞིག་རེད།

    བོད་གསར་རྙིང་བསྡུར་བའི་སློབ་གསོར་ཤུགས་སྣོན་བརྒྱབ་པ་དང་། “ཆ་སྒྲིག”རོགས་སྐྱོར་དང་། “མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི”ནག་པང་ཚགས་པར་གྱི་འགྲན་བསྡུར། མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་འཆད་ཁྲིད་རབ་དང་རིམ་པ། མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་སྤེལ་རེས་བྱེད་སྒོ དམག་སྦྱོང་རྩལ་ཁྲིད་པའི་སྒྲོག་འགྲེལ་བྱེད་སྒོ དེ་བཞིན“མི་རིགས་མཐུན་སྒྲིལ་གྱི་སློབ་གསོ”བརྗོད་དོན་གཙོ་བོར་བྱེད་པའི་ཚོགས་པའི་སློབ་ཚན། 《མི་རིགས་མཐུན་སྒྲིལ་གྱི་ཤེས་བྱའི་འགྲན་བསྡུར》སོགས་ཀྱི་བྱེད་སྒོ་གཉེར་བ་བརྒྱུད། མི་རིགས་ཁག་གི་སློབ་མའི་དབར་བརྩེ་དུང་ཟབ་ཏུ་ཕྱིན་པ་དང་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཟབ་མོ་བཏོད་པ་རེད།

    དགོན་སྡེའི་ནང་ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་གཅེས་རིང་ལུགས་ཀྱི་ཁྲིམས་སྐྱོང་སློབ་གསོ་དང་། དྲིན་ཚོར་སློབ་གསོ། “གསལ་པོར་བརྗོད་པ་གསུམ”བཅས་སྤེལ་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ཁར“རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན”གྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།