དབུ་ཤོག>གསར་འགྱུར།
  • གཞིས་རྩེས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་ནུས་ཤུགས་ཡོད་རྒུས་གཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-06-05

     ཉེ་ཆར་གསར་འགོད་པར་གཞིས་རྩེ་གྲོང་ཁྱེར“6·2”ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཉིན་མོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར།

    “6·2”ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཉིན་མོ་གཏན་འཁེལ་བྱས་ནས་ལོ་གཅིག་སོང་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་དམ་ཟབ་བྱེད་པ། གསར་འབྱེད་གསར་གཏོད་དང་འཚོལ་ཞིབ་ཧུར་ཐག་བྱེད་པ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་གཏོད་པའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཐུན་མོང་ཐོག་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལེའུ་གསར་པ་བརྩམས་ཡོད་པ་རེད།

    གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིཌ་ན། ཉེ་བའི་ལོ་གཉིས་རིང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་གཏོད་པའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད། གཞིས་རྩེ་གྲོང་ཁྱེར་གྱིས་བཀོད་སྒྲིག་ཞིབ་ཚགས་བྱ་རྒྱུར་དམ་འཛིན་བྱས་པས་འགན་འཁྲི་ཁ་གསལ་བ་དང་། རྒྱ་ཁྱབ་ངང་ཞུགས་པ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། གོང་འོག་མཉམ་འགུལ། ཚང་མ་དེའི་ནང་ཞུགས་པ་བཅས་དཔེ་སྟོན་གྲོང་ཁྱེར་གཏོད་པའི་ལས་དོན་གྱི་རྣམ་པ་ཞིག་ཆགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།