དབུ་ཤོག>གསར་འགྱུར།
  • གམ་པ་རྫོང་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུས་དབུལ་སྐྱོར་སྲིད་ཇུས་ཀྱི་ཆེད་དོན་གསོ་སྦྱོང་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-05-30

    ཉེ་ཆར། གམ་པ་རྫོང་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་དྲིལ་བསྒྲགས་འཕྲིན་སྤེལ་ཚོགས་ཆུང་གིས་རྫོང་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་སྲིད་ཇུས་ཀྱི་ཆེད་དོན་གསོ་སྦྱོང་སྤེལ་ནས་ཤང་དང་གྲོང་རྡལ་ཁག་གི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། ཤང་ཀྲང་དང་ཀྲེན་ཀྲང་། ཤང་དང་གྲོང་རྡལ་གྱི་དབུལ་སྐྱོར་གྱི་ལས་བགོས་འགན་གཉེར་འགོ་ཁྲིད། དབུལ་སྐྱོར་ཆེད་གཉེར་ལས་བྱེད་པ། ཤང་དང་གྲོང་རྡལ་གྱི་རྩ་འཛུགས་དྲིལ་བསྒྲགས་ཨུ་ཡོན་སོགས་བསྡོམས་མི་40ལྷག་ཙམ་གསོ་སྦྱོང་ནང་ཞུགས་པ་རེད།

    ད་ཐེངས་ཀྱི་གསོ་སྦྱོང་ནང་སྲིད་ཇུས་འགྲེལ་བཤད་དང་། འདྲི་བར་ལན་རྒྱག་པ། མིང་ཚིག་འགྲེལ་བཤད་བཅས་ལ་དམ་པོར་དམིགས་ནས་རྫོང་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་ཆེད་དོན་ཚོགས་ཆུང་10ཡི་འགན་འཁུར་བས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྲིད་ཇུས་དང་། སྣོད་བཅུད་ཁ་གསབ་དབུལ་སྒྲོལ་སྲིད་ཇུས། དངུལ་རྩའི་གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས། ཐོན་ལས་དབུལ་སྒྲོལ་སྲིད་ཇུས། མི་འབོར་དབུལ་པོ་དབུལ་སྒྲོལ་དང་དཔྱད་ཞིབ་སྲིད་ཇུས། སྤྱི་ཚོགས་འགན་བཅོལ་འགན་སྲུང་གི་སྲིད་ཇུས། གནད་སྨིན་དབུལ་སྐྱོར་སྲིད་གཙང་གི་སྲིད་ཇུས། གསོ་སྦྱོང་ལས་ཞུགས་ཀྱི་སྲིད་ཇུས། སྨན་བཅོས་རོགས་སྐྱོབ་ཀྱི་སྲིད་ཇུས། སློབ་གསོ་དབུལ་སྒྲོལ་གྱི་སྲིད་ཇུས། ཆ་སྒྲིག་རོགས་སྐྱོར་གྱི་སྲིད་ཇུས་སོགས་གསོ་སྦྱོང་ནང་ཞུགས་མཁན་ཚོར་ཕྱོགས་ཡོངས་ནས་འགྲེལ་བཤད་གཏིང་ཟབ་བརྒྱབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།