2016ལོར་ཧྲན་ཏུང་ཞིང་ཆེན་གྱི་ཁག་དང་པོའི“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ཤེས་ལྡན་པ་50ཡིས་གཅིག་སྡུད་ཐོག་གཞིས་རྩེའི་མཐོ་འབྲིང་དང་པོར་རོགས་སྐྱོར་བྱས། ལོ་གཅིག་རིང་བོད་སྐྱོར་དགེ་རྒན་གྱིས་རིམ་པ་ཁག་གི་སྔོན་ཐོན་བསམ་ཕྱོགས་སློབ་ཚན་ཐེངས་240ལྷག་ཙམ་འཁྲིད་པ་དང་གྲོང་གསེབ་ཏུ་བསྐྱོད་ནས་མི་ཐེངས་200ལྷག་ཙམ་ལ་སློབ་ཚན་འཁྲིད་ཡོད། 2017ལོའི་མཐོ་རྒྱུགས་ནང་སློབ་གྲྭ་དེའི་སློབ་མ་རིག་གནས་ཚན་ཁག་དང་རང་བྱུང་ཚན་རིག་ཚན་ཁག་ཏུ་རྒྱུགས་འཕྲོད་ཚད་100%ཟིན་པ་དང་གཙོ་གནད་དངོས་གཞིའི་ཚན་ཁག་ཏུ་རྒྱུགས་འཕྲོད་ཚད་56%ཟིན་པའི་གྲུབ་འབྲས་བཟང་པོ་ཐོབ་ཅིང་།
འདི་ནི་སློབ་གྲྭ་དེའི་སློབ་མས་བོད་སྐྱོར་དགེ་རྒན་གྱི་མཛུབ་ཁྲིད་འོག་དངོས་ཁམས་རིག་པའི་ཚོད་ལྟ་བཀོལ་སྤྱོད་བྱེད་བཞིན་པ།