དབུ་ཤོག>གསར་འགྱུར།
  • 2018ལོའི་བོད་ཀྱི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-05-25

    ཚེས་19ཉིན་རང་སྐྱོང་ལྗོངས་ཚན་རྩལ་ཐིང་དང་། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ། ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང“ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་། རྒྱལ་ཁབ་སྟོབས་ཆེན་ལ་བརྟེན་ནས་དམངས་ཕྱུག་པོ་ཆགས་པར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་2018ལོའི་ལྗོངས་ཡོངས་ཀྱི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་དུ་འགོ་ཚུགས་པ་རེད།

    ཟླ་5ཚེས་19ཉིན་ནས་ཚེས་26ཉིན་བར་གྱི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་རིང་གཅིག་ནས་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་ཞིང་འབྲོག་པར་ཉེར་མཁོའི་ལག་རྩལ་དང་རྩལ་ནུས་གསོ་སྦྱོང་བྱེད་པ་དང་། གཉིས་ནས་བོད་ལྗོངས་ཕུའུ་ཁང་སྨན་ཁང་གི་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་གདན་དྲངས་ཏེ་ས་གནས་ས་ཐོག་ཏུ་འོས་འགན་སྨན་བཅོས་བྱེད་པ། གསུམ་ནས་ལྷ་རྩེ་རྫོང་བཀྲ་ཤིས་སྒང་ཤང་རྗེ་རོང་གྲོང་ཚོ་དང་རོང་མཚོ་གྲོང་ཚོར་ཚན་རྩལ་ཁྱབ་གདལ་བྱེད་སྒོ་ཁང་འཛུགས་པ། བཞི་ནས་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་དང་། གཞིས་རྩེ་གྲོང་ཁྱེར་གླུ་གར་ཚོགས་པ། ལྷ་རྩེ་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་བཅས་ཀྱི་འཁྲབ་སྟོན་པ་གདན་དྲངས་ནས་མང་ཚོགས་ལ་ཚན་རྩལ་ཁྱབ་གདལ་གྱི་རིག་རྩལ་སྐོང་འཁྲབ་བྱེད་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།