ཞིང་འབྲོག་མང་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་སློབ་གསོའི་ལས་དོན་ལ་དམ་འཛིན་ཡག་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཞིབ་ཚགས་བཅས་བྱ་ཆེད། གྲ་ནང་རྫོང་དུ་བཅའ་སྡོད་གྲོང་སྡོད་ལས་དོན་རུ་ཁག་གིས“དྲིལ་བསྒྲགས་དང་། སློབ་གསོ། ཁྲིད་སྟོན”བཅས་ཀྱི་ཐབས་ལམ་བརྒྱུད་ལས་དོན་ཁག་ལ་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་བ་རེད།
རྣམ་པ་སྣ་ཚོགས་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བ།
རྣམ་སྲས་གླིང་གྲོང་ཚོར་བཅའ་སྡོད་གྲ་ནང་རྫོང་ལས་དོན་རུ་ཁག་གིས“ཕྱུག་པོ་ཆགས་ལུགས་དྲན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། བརྟན་ལྷིང་སྲུང་སྐྱོང་བྱེད་པ། འཕེལ་རྒྱས་གཏོང་ཐབས་བྱེད་པ”བཅས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ“རྒན་གྲས་གསུམ”གྱི་མི་སྣ་གདན་དྲངས་ཏེ་གཏམ་རྒྱུད་ཤོད་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱེད་པ་སོགས་སྟབས་བསྟུན་བྱེད་ཐབས་སྣ་ཚོགས་སྤྱད་ནས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་གཏིང་ཟབ་སྤེལ་བ་རེད།
ཐབས་མང་མཉམ་སྤྱོད་ཀྱིས་སྒྲོག་འགྲེལ་པ་གསོ་སྐྱོང་བྱེད་པ། ལྕང་ཅན་གྲོང་ཚོར་བཅའ་སྡོད་ལྷོ་ཁ་གྲོང་ཁྱེར་རྡོ་ཐ་ཀུང་སིའི་ལས་དོན་རུ་ཁག་གིས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་གྲོང་ཚོའི་གནས་ཚུལ་དང་དམངས་ཀྱི་འདུན་པ་ཤེས་རྟོགས་དང་། མང་ཚོགས་ལ་ཏང་དང་རྒྱལ་ཁབ་ཀྱི་ཞིང་ཕན་ཞིང་ཕྱུག་དང་མི་རིགས་མཐུན་སྒྲིལ་སྲིད་ཇུས་དྲིལ་བསྒྲགས་བྱས་པར་བརྟེན་ཕན་འབྲས་བཟང་པོ་ཐོན་ཡོད། བདེ་སྐྱིད་གྲོང་གསར་དུ་བཅའ་སྡོད་གྲ་ནང་རྫོང་ལས་དོན་རུ་ཁག་གིས་གྲོང་ཚོ་དེའི་སློབ་ཆེན་སློབ་མ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་ནང་ཞུགས་རྒྱུར་སྐུལ་སློང་གང་ལེགས་བྱས་པས། ཞིང་འབྲོག་མང་ཚོགས་ཀྱི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་སྐོང་འཐེན་ཐུབ་པ་རེད།
བསམ་བློའི་ངོས་འཛིན་ཐད་ནས་མང་ཚོཌ་ལ་ཁྲིད་སྟོན་བྱེད་པ། སངས་ཕུ་གྲོང་ཚོར་བཅའ་སྡོད་གྲ་ནང་རྫོང་ལས་དོན་རུ་ཁག་གིས་མང་ཚོགས་སྒྲིག་འཛུགས་བྱས་ཏེ་བོད་གསར་རྙིང་བསྡུར་བའི་པར་རིས་འགྲེམས་སྟོན་ལ་ལྟ་བ་དང་། ཆིང་སྲིད་གཞུང་གི་བོད་སྡོད་ཡ་མོན་གནས་རྙིང་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱས་པར་བརྟེན་མང་ཚོཌ་ཚོས་རང་རྒྱལ་ནི་མི་རིགས་མང་བའི་ཁྱིམ་ཚང་ཆེ་མོ་གཅིག་ཡིན་པའི་ངོས་འཛིན་ཟབ་ཏུ་ཕྱིན་ཞིང་། ར་བ་གྲོང་ཚོར་བཅའ་སྡོད་ལྷོ་ཁ་གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་པུའི་ལས་དོན་རུ་ཁག་གིས་འཐབ་ཕྱོགས་གཅིག་གྱུར་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་རྒྱུན་གཏན་འཚོ་བའི་ནང་མི་རིགས་ཁག་གི་མང་ཚོགས་ཕན་ཚུན་རོགས་རམ་བྱ་རྒྱུར་སྐུལ་ལྕག་བྱས་པ་དང་། མང་ཚོགས་ཀྱིས་བོད་ཀྱི་ལོ་རྒྱུས་ཤེས་རྟོགས་བྱེད་པའི་བརྒྱུད་རིམ་ཁྲོད་མི་རིགས་ཁག་དབར་གྱི་བརྩེ་སེམས་སྔར་བས་ཟབ་ཏུ་བཏང་བ་རེད།