དབུ་ཤོག>གསར་འགྱུར།
  • སློབ་སྐྱོར་མ་དངུལ་སྦྲང་ཆར་གྱིས། སློབ་ལ་གཞོལ་བའི་ཞིང་ས་བརླན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-05-18

    511943_yis_1526361087263_s.jpg

    ལོ་16རིང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིས་དཔལ་མགོན་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་པ་ལས་ས་གནས་དེ་གར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིས་མ་དངུལ་སྒོར་ཁྲི་3900ལྷག་ཙམ་བཏང་སྟེ་བསྐྲུན་པའི་མཛེས་པའི་ཉལ་ཁང་དང་། གཙང་སྦྲ་དོད་པའི་ཟ་ཁང་། སྒྲིག་བཀོད་ཆ་ཚང་བའི་གོས་འཁྲུད་ཁང་། དེང་རབས་ཅན་གྱི་གློག་ཀླད་སློབ་ཁང་དང་སྐད་གདངས་སློབ་ཁང་བཅས་ཡོད་པའི་དཔལ་མགོན་རྫོང་གི་ཀྲུང་གོ་ཧྲེ་ཧྭ་སློབ་ཆུང་ནི་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་དང་བོད་བྱང་ཐང་གི་གཅིག་སྡུད་ལམ་ལུགས་ཀྱི་འོས་འགན་སློབ་གསོའི་སློབ་གྲྭ་ཨང་དང་པོ་དེ་རེད། སློབ་གྲྭ་དེ་སྤྱོད་འགོ་ཚུགས་པ་ལས་ས་གནས་དེ་གའི་སློབ་ཁྲིད་ཀྱི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་ཡོད། འདི་ནི་དཔལ་མགོན་རྫོང་ཀྲུང་གོ་ཧྲེ་ཧྭ་སློབ་ཆུང་གི་སློབ་མས་ལུས་རྩལ་ཐང་དུ་ལུས་སྦྱོང་བྱེད་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།